བོད་ཀྱི་ནུབ་ཕྱོགས་གཏིང་སྐྱེས་དང་དིང་རི་ལ་ས་ཡོམ་རྒྱབ་པ།

2016-05-23
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་ནུབ་ཕྱོགས་གཏིང་སྐྱེས་རྫོང་ཕྱོགས་ཀྱི་ས་ཁྲ།
བོད་ཀྱི་ནུབ་ཕྱོགས་གཏིང་སྐྱེས་རྫོང་ཕྱོགས་ཀྱི་ས་ཁྲ།
Photo: RFA

བོད་ཀྱི་ནུབ་ཕྱོགས་གཏིང་སྐྱེས་རྫོང་དང་དིང་རི་ལ་ས་ཡོམ་བརྒྱབ་ཏེ་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུ་དང་བལ་ཡུལ་ཤར་ངོས་སུ་ཡང་ས་འགུལ་འཐེབ་ཡོད་པ་རེད།
དེ་ཡང་ཕྱི་ཟླ་ལྔ་པའི་ཚེས་༢༢་རེས་གཟའ་ཉི་མའི་སྔ་དྲོའི་ཆུ་ཚོད་༩དང་ཕྱེད་ཀ་ཙམ་ལ། བོད་ཀྱི་ནུབ་ཕྱོགས་གཞིས་ཀ་རྩེ་ས་ཁུལ་གཏིང་སྐྱེས་རྫོང་དང་། དིང་རི་རྫོང་བཅས་ལ་འགུལ་ཚད་རིམ་པ་༥དང་ཚེག་༣་ཙམ་བྱས་པའི་ས་འགུལ་ཐེངས་ལྔ་ཙམ་བརྒྱབ་ཏེ་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་དང་། དེ་བཞིན་བལ་ཡུལ་གྱི་ཤར་ངོས་སུའང་ཡོམ་ཤུགས་སླེབས་ཡོད་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། གཏིང་སྐྱེས་རྫོང་དང་དིང་རི་རྫོང་གཉིས་ཀར་ཡོམ་ཚོར་ཅུང་ཆེན་པོ་བྱུང་བ་དང་། དིང་རི་རྫོང་མཚོ་སྒང་ཤང་དུ་ཡོམ་ཚོར་དྲག་པོ་བྱུང་ཡོད་ཅིང་རྫོང་གཉིས་པོའི་ཁང་པ་ཁག་ཅིག་སེར་ཁ་གས་ཡོད་པ་ལས་མི་རྒྱུ་གཉིས་ལ་གནོད་འཚེ་ཕོག་ག་ཚོད་ཕོག་ཡོད་མེད་ཤེས་རྟོག་ཐུབ་མེད་པ་རེད།
བལ་ཡུལ་གཞུང་གི་ས་ཡོམ་རྟག་དཔྱད་ལས་ཁུངས་ཀྱི་འགན་འཛིན་Bijaya Adhikari ལགས་ཀྱིས་གསུང་ཡས་ལ། ད་རེས་ས་ཡོམ་དེའི་རྒྱ་ཁྱོན་དང་ས་འགུལ་གྱི་གནས་ཚུལ་མང་ཚོགས་ལ་སྐད་ཆ་དྲིས་པའི་སྐོར་THT Onlineཞེས་པར་གནས་ཚུལ་ངོ་སྤྲོད་གནང་པ་དང་། བོད་ནང་གནོད་འཚེ་གང་ཕོག་ཡོད་མེད་ཐད་ཚོད་དཔག་གནང་རྒྱུར་ལན་འདེབས་གནང་མེད་པ་རེད།
ཉེ་བའི་ཚེས་༡༡ཉིན། ད་ལྟ་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་དགའ་ཐང་ཕྱོགས་སུ། ས་ཡོམ་ཚད་རིམ་ལྔ་དང་གྲངས་ཆུང་ལྔ་ཅན་ཞིག་བྱུང་ནས། ད་སྔ་མི་གྲངས་དྲུག་བཅུ་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་དང་། དེའི་ནང་མི་གྲངས་༡༢་ཙམ་ལ་རྨས་སྐྱོན་ཅུང་ལྗིད་ཙམ་ཕོག་ཡོད་པ་མ་ཟད། ད་བར་མི་གྲངས་ཁྲི་གཅིག་ལྷག་ཙམ་ས་ཡོམ་བྱུང་སའི་ཉེན་ཁའི་ས་ཁུལ་ནས་ཉེན་ཡོལ་གནས་སྤོ་བྱེད་དགོས་བྱུང་ཡོད་པ་རེད།

གསར་འགོད་པ་ཚེ་བརྟན་རྡོ་རྗེ།

མཆན། (0)
Share
དྲ་གནས་ཆ་ཚང༌།