བོད་ནང་སླར་ཡང་ས་ཡོམ་འགུལ་ཚད་ ༤།༦ ཅན་ཞིག་བརྒྱབ་ཡོད་འདུག

2024.04.20
བོད་ནང་སླར་ཡང་ས་ཡོམ་འགུལ་ཚད་ ༤།༦ ཅན་ཞིག་བརྒྱབ་ཡོད་འདུག
Google/སྒྲིག་བཟོ།

དེ་ཡང་ USGS ཞེས་པའི་ཨ་རིའི་ས་གཞི་བརྟག་དཔྱད་ལས་ཁང་གིས་གནས་ཚུལ་བཏོན་པ་ལྟར་ན། ཕྱི་ཟླ་ ༤ ཚེས་ ༢༠ རེས་གཟའ་སྤེན་པའི་སྔ་དྲོའི་ཆུ་ཚོད་༧ པ་ཡོལ་ཙམ་ལ་བོད་ནང་ས་ཡོམ་འགུལ་ཚད་ ༤།༦ ཞིག་རྒྱབ་ཡོད་པ་བསྒྲགས་འདུག་ཅིང་། དེ་ཡང་ཕྱི་ཟླ་ ༤ ཚེས་ ༡༣ ཉིན་ས་ཡོམ་བརྒྱབ་སའི་ས་ཚིགས་མངའ་རིས་རུ་ཐོག་ཉེ་འདབས་ས་ཁུལ་དེའི་ལྷོ་ཤར་ཕྱོགས་སུ་འཁེལ་ཡོད་པ་ས་ཁྲ་ནས་གསལ་རྟོགས་ཐུབ་རྒྱུ་འདུག ད་ལྟའི་ཆར་ས་ཁུལ་དེའི་ཉེ་འཁྲིས་སུ་གནས་པའི་ས་གནས་ཀྱི་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་བྱུང་ཡོད་མེད་དམིགས་བསལ་གནས་ཚུལ་གསལ་ཁ་གང་ཡང་མི་འདུག
སྤྱིར་བཏང་འདས་པའི་དུས་ཡུན་གང་འཚམས་ཞིག་ནས་བཟུང་བོད་ཀྱི་ས་ཁུལ་གང་སར་ས་ཡོམ་གྱི་གནོད་སྐྱོན་ཡང་ཡང་བྱུང་ཡོད་པ་དང་། ཕྱི་ཟླ་ ༤ ཚེས་ ༡༣ ཉིན་མོར་ཡང་བོད་རང་ལྗོངས་ཟེར་བའི་མངའ་རིས་རུ་ཐོག་རྫོང་ཁུལ་དུ་ས་ཡོམ་ཞིག་བརྒྱབ་ཡོད་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན། བསྟན་འཛིན་པདྨ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་པོའི་ངོས་ནས་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎