ཨི་ཇིབཏ་སྲིད་འཛིན་ལས་གནས་ནས་དགོངས་ཞུ་བྱ་དགོས་བྱུང་།

ཨི་ཇབཏ་མི་དམངས་ཚོས་ངོ་རྒོལ་ལས་འགུལ་ཉིན་གྲངས་༡༨་རིང་སྤེལ་ནས་མཐར་སྲིད་འཛིན་ལས་གནས་ནས་དགོངས་ཞུ་བྱ་དགོས་བྱུང་འདུག

2011-02-12
Share

༄༅༎ཨི་ཇབཏ་མི་དམངས་ཚོས་སྲིད་འཛིན་མུ་བ་རཀ་ཡིས་འདས་པའི་ལོ་ངོ་གསུམ་ཅུའི་རིང་ཡུལ་དེའི་ནང་དབང་འཛིན་བྱས་པ་ནས་ཕྱིར་ཤོལ་དགོས་པའི་ངོ་རྒོལ་ལས་འགུལ་ཉིན་གྲངས་བཅོ་བརྒྱད་རིང་སྤེལ་ནས་ མཐར་མུ་བ་རཀ་སྲིད་འཛིན་ལས་གནས་ནས་དགོངས་ཞུ་བྱ་དགོས་བྱུང་འདུག ཨི་ཇབར་མི་དམངས་ཚོར་རྒྱལ་ཁ་ཆེན་པོ་ཞིག་ཐོབ་ནས་ ཨི་ཇབཏ་ཀྱི་མ་འོངས་ལ་རེ་བ་ཆེན་པོ་ཞིག་ཆགས་ཡོད་པ་དང་ ཡིན་ནའི་ཨི་ཇབར་མི་དམངས་ཚོས་མ་འོངས་ངེས་པ་མེད་པའི་དཀའ་ངལ་ལ་གདོང་ལེན་བྱེད་དགོས་ཡག་ཅིག་ཆགས་ཀྱི་ཡོད་པ་དང་ མ་འོངས་ཨི་ཇབར་ནང་དམངས་གཙོའི་ལམ་ལུགས་འཐུས་གུ་ཚང་པོ་ཞིག་ཡོང་རྒྱུར་ཕྱོགས་མང་པོ་ཞིག་གིས་འབད་རྩོན་བྱེད་དགོས་ཀྱི་ཡོད་ཅིང་། ངོ་རྒོལ་ནང་བཞུགས་མཁན་ཨ་ལི་མོ་ཧ་མརྡ་ཟེར་བས་ ང་ཚོས་མུ་མཐུད་ནས་དམག་དཔུང་གིས་གང་དྲ་བྱས་སྟེ་ ཨི་ཇབར་ཀྱི་དབང་ཆ་རྩིས་སྤྲོད་བྱེད་མིན་ཐོག་ལྟ་ཞིབ་བྱེད་དགོས་ཀྱི་རེད་ དབང་འཛིན་པ་དམག་དཔུང་གི་དཔོན་རིགས་ཚོས་ཨི་ཇབར་མི་མང་ཚོགས་མགྱོགས་མྱུར་དམངས་གཙོའི་ལམ་ལུགས་འཐུས་གུ་ཚང་བ་ཞིག་དུ་བསྐྱོད་རྒྱུའི་ཨི་ཇབ་ཀྱི་མདུན་ལམ་མཐོང་ཐུབ་ཁས་ལེན་བྱས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།