དཀོན་མཆོག་སྒྲོལ་མར་ཨ་རིའི་སྙན་གྲགས་ཆེ་བའི་བརྙན་འཕྲིན་བྱ་དགའ་ཞིག་ཐོབ་འདུག


2019.05.06
དཀོན་མཆོག་སྒྲོལ་མ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས། ༢༠༡༩།༥།༤ དཀོན་མཆོག་སྒྲོལ་མ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས། ༢༠༡༩།༥།༤
Nick Gulotta/twitter ‏

ཨ་རིའི་ནིའུ་ཡོཀ་གྲོང་ཁྱེར་སྲིད་གཞུང་གི་ལས་བྱེད་པ་བོད་པའི་བེུད་ཞིག་ལ་ཨེ་མཱིའི་བརྙན་འཕྲིན་བྱ་དགའ་ཞིག་ཐོབ་འདུག
ཨེ་མཱི་ཞེས་པ་ཨ་རིའི་བརྙན་འཕྲིན་ལས་རིམ་གྲགས་འདེམས་དང་དེ་དག་ལ་བྱ་དགའ་སྤྲོད་པའི་མཚན་ཚོགས་དེ་ཕྱི་ཟླ་ ༥ ཚེས་༤ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་འཚོགས་ཤིང་། ནིའུ་ཡོཀ་གྲོང་ཁྱེར་སྲིད་གཞུང་ནང་གི་ཕྱི་མི་གཞིས་སྤོས་ལས་ཁུངས་ནང་གི་ལས་བྱེད་པ་དཀོན་མཆོག་སྒྲོལ་མ་ལགས་དང་། ཁོང་གི་རུ་ཁག་གི་ “ང་ཚོས་ནིའུ་ཡོཀ་ཆེད་སྨྲ”  ཞེས་པ་དེས་བཟོ་བཀོད་བྱས་པའི་རོ་ནལ་ཌོའི་ཐོབ་ཐང་  (Ronaldo’s Rights) ཞེས་པའི་བརྙན་འཕྲིན་གློག་བརྙན་དེར་ཨེ་མཱིའི་བྱ་དགའི་ནང་བསྲེས་གློག་བརྙན་བཀོད་བྱུས་དང་བརྡ་ལན་གྱི་ནང་དོན་རྩེ་ཕུད་ཀྱི་བྱ་དགའ་དེ་ཐོབ་ཡོད་པ་རེད།
ཨེ་མཱི་ནི་གཙོ་བོ་བརྙན་འཕྲིན་ལས་རིམ་སོགས་ཆེད་ཡིན་ཞིང་། ཨོསྀ་ཀར་ (Oscar) ནི་གློག་བརྙན་ཆེ་ཁག་རྩེ་ཕུད་དང་འབྲེལ་བའི་བྱ་དགའི་ལས་རིམ་དེ་ཡིན་པ་རེད།
དཀོན་མཆོག་སྒྲོལ་མ་ལགས་ནི་རོ་ནལཌ་གྱི་ཐོབ་ཐང་ཞེས་པའི་གློག་བརྙན་དེའི་ལས་གཞི་གསར་གཏོད་གནང་མཁན་དང་སློབ་སྟོན་པ་དེ་ཡིན་འདུག་ཅིང་། ཕྱི་ཟླ་ ༥ ཚེས་ ༤འི་ཨེ་མཱིའི་བྱ་དགའ་ཐེངས་ ༦༢ པའི་མདོ་འཛིན་པས། རོ་ནཱལ་ཌོའི་ཐོབ་ཐང་ཞེས་པའི་བརྙན་འཕྲིན་གྱི་གློག་བརྙན་ལ་བྱ་དགའ་ཐོབ་པ་གསལ་བསྒྲགས་བྱས་སྐབས། དཀོན་མཆོག་སྒྲོལ་མ་ལགས་དང་ཁོང་གི་ལས་རོགས་བེུད་ཞིག་དང་སྐྱེས་པ་གཉིས་བཅས་སྡིངས་ཆའི་སྟེང་ཕེབས་ནས་བྱ་དགའ་དེ་བཞེས་ཤིང་།  དཀོན་མཆོག་སྒྲོལ་མ་ལགས་ཀྱིས་ཕྱུ་པ་དམར་སྨུག་ཞིག་དང་སྟོད་གོས་ལི་ཝང་ཞིག་གྱོན་ཞིང་། ཕྱག་ཏུ་ཨེ་མཱིའི་གཟེངས་རྟགས་དེ་བསྣམས་པའི་ཐོག་བྱ་དགའ་འདི་ནིའུ་ཡོཀ་གྲོང་ཁྱེར་ནང་ཕྱི་མི་གཞིས་ཆགས་པ་ས་ཡ་གསུམ་དང་ཕྱེད་ཀ་ཙམ་ཡོད་པ་དེ་དག་ལ་དམིགས་ཏེ་བཞེས་བཞིན་ཡོད་པ་དང་། ཁོང་ཚོ་ནི་ནིའུ་ཡོཀ་གྲོང་ཁྱེར་རྟག་ཏུ་ནུས་ཅན་དུ་བཟོ་མཁན་དག་ཡིན་པ་གསུངས་པ་དང་ཆབས་གཅིག།  བོད་རྒྱལ་ལོ་ཞེས་བསྒྲགས་ནས་སྐར་ཆ་འགའ་ཤས་ཀྱི་གཏམ་བཤད་མཇུག་བསྒྲིལ་གནང་ཡོད་པ་རེད།
དཀོན་མཆོག་སྒྲོལ་མ་ལགས་ཕྱི་ལོ་༢༠༠༥ལོར་རྒྱ་གར་ནས་ཨ་རིའི་ནང་འབྱོར་བའི་བོད་མི་སྐྱབས་བཅོལ་བ་ཞིག་ཡིན་པ་དང་། ཁོང་གིས་ནིའུ་ཡོག་གྲོང་ཁྱེར་ཕྱི་མི་གཞིས་ཆགས་ལས་ཁང་གི་སྣེ་ཁྲིད་འོག་ནིའུ་ཡོག་གྲོང་ཁྱེར་ནང་ཡོད་པའི་ཕྱི་མི་གཞིས་ཆགས་པ་ཚོར་ང་ཚོས་སྐད་ཆ་བཤད་ནིའུ་ཡོག་གྲོང་ཁྱེར་ཞེས་པའི་ལེ་ཚན་དེ་བརྒྱུད་ནས་དངས་བླངས་ཐོག་ཕྱི་མི་གཞིས་ཆགས་པ་ཚོར་དབྱིན་ཡིག་སློབ་འཁྲིད་གནང་གི་ཡོད་འདུག
དཀོན་མཆོག་སྒྲོལ་མ་ལགས་དེང་སྐབས་ཨ་རིའི་ཝིར་ཇི་ནི་ཡ་(Virginia)གཙུག་ལག་སློབ་གྲྭའི་ནང་ཁྲིམས་ལུགས་སློབ་སྦྱོང་གནང་གི་ཡོད་པ་དང་། དེའི་སྔོན་ཁོང་དབྱིན་ཇིའི་ཨོཀསྀ་ཧྥོརཌ་(Oxford)གཙུག་ལག་སློབ་གྲྭའི་ནང་རྒྱལ་སྤྱིའི་འབྲེལ་ལམ་སྡེ་ཚན་ནས་སློབ་ཐོན་གནང་འདུག
ཁོང་ལ་བརྙན་འཕྲིན་གློག་བརྙན་གྱི་ཚན་པ་ཞིག་གི་ཐོག་སྙན་གྲགས་ཆེ་བའི་ཨེ་མཱི་བྱ་དགའ་ཐོབ་པ་ནི་བོད་མི་ཞིག་སྡེ་ཚན་དེའི་འོག་ཨེ་མཱིའི་བྱ་དགའ་ཐོབ་མཁན་དང་པོ་ཆགས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎