རྒྱ་ནག་ནང་དངོས་ཟོག་བཟོ་བསྐྲུན་བདེ་འཇགས་བཟོ་དགོས་པ།

ཨ་རི་དང་ཡོ་རོབ་མཉམ་འབྲེལ་རྒྱལ་ཁྱབ་ཀྱིས་རྒྱ་ནག་ནང་དངོས་ཟོག་བཟོ་བསྐྲུན་བདེ་འཇགས་ཀྱི་ལམ་སྲོལ་བཟོ་དགོས་པའི་དགོས་འདུན་བཏོན་འདུག
2008-09-19
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎ཨ་རི་དང་ཡོ་རོབ་མཉམ་འབྲེལ་རྒྱལ་ཁྱབ་ཀྱིས་ རྒྱ་ནག་ནང་དངོས་ཟོག་བཟོ་བསྐྲུན་བདེ་འཇགས་ཀྱི་ལམ་སྲོལ་བཟོ་དགོས་པ་གཟའ་པ་སངས་ཉིན་རྒྱ་ནག་གཞུང་ལ་དགོས་འདུན་བཏོན་ཡོད་པ་རེད།

དེང་སྐབས་རྒྱ་ནག་ཏུ་འོ་རྩམ་ནང་རྫས་དུག་བསྲེས་ནས་ཚོང་འགྱུར་བྱས་སྟེ་ཕྲུ་གུ་མང་པོར་མཁལ་མའི་ནད་གཞི་ཕོག་པའི་གནད་དོན་དེ་ཉིན་རེ་བཞིན་མ་བསྡད་པར་ཚབས་ཆེ་རུ་ཕྱིན་ནས། ད་ཆ་རྒྱ་ནག་ནང་གྲགས་ཆེ་བའི་འོ་མའི་དངོས་ཟོག་བཟོ་སྐྲུན་བྱེད་མཁན་ཚང་མས་འོ་མའི་ནང་རྫས་དུག་རིགས་བསྲེས་ཡོད་པ་བརྟག་དཔྱད་བྱས་པའི་རྗེས་ཤེས་རྟོགས་བྱུང་ནས་ རྒྱ་ནག་མི་རྣམས་དངངས་འཚབ་ཀྱི་ངང་གནས་བཞིན་ཡོད་པའི་གནས་ཚུལ་ཐོན་པའི་རྗེས། ཨ་རི་དང་ཡོ་རོབམཉམ་འབྲེལ་ཡུལ་གྲུའི་མཛད་སྤྱོད་པའི་ཐོབ་ཐང་སྲུང་སྐྱོབས་ལས་ཁང་གིས་ཨ་རི་དང་ཡོ་རོབ་ཡུལ་གྲུ་ཁག་ནང་གི་མཛད་སྤྱོད་པའི་ཐོབ་ཐང་སྲུང་སྐྱོབས་ཀྱི་ཆེད་རྒྱ་ནག་གཞུང་གིས་ཨ་རི་དང་ཡོ་རོབ་ནང་ཕྱིར་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་ཐོག་ལ་ཡང་བདེ་འཇགས་བརྟག་དཔྱད་ཀྱི་ལམ་སྲོལ་གཏན་འབེབས་བཟོ་རྒྱུར་རྒྱ་ནག་གི་འབྲེལ་ཡོད་ལས་ཁང་གི་དཔོན་རིགས་དང་བཀའ་མོལ་གནང་རྒྱུ་ཡིན་པ་དང༌། ཨ་རི་དང་ཡོ་རོབ་མཉམ་འབྲེལ་རྒྱལ་ཁབ་ཀྱིས་རྒྱ་ནག་གི་དངོས་ཟོག་བདེ་འཇགས་སྐོར་ལ་བཀའ་མོལ་གནང་བའི་ནང༌། རྒྱ་ནག་གིས་ཨ་རི་དང་ཡོ་རོབ་མཉམ་འབྲེལ་ཡུལ་གྲུའི་ནང་ཕྱིར་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག དཔེར་ན་གྱོན་གོས་དང་ ཕྲུ་གུའི་རྩེད་ཆས་ གློག་གི་ཡོ་ཆས་སོགས་ཀྱི་ཐོག་བདེ་འཇགས་བརྟག་དཔྱད་འགན་ལེན་ཐུབ་པའི་དགོས་འདུན་བཏོན་རྒྱུ་དང༌། ཡིན་ནའི་ད་རེས་རྒྱ་ནག་ནང་ཐོན་བཞིན་པའི་འོ་མའི་རིགས་ནང་རྫས་དུག་བསྲེས་ནས་ཚོང་འགྱུར་བྱས་པའི་གནད་དོན་དང་དེ་མིན་གྱི་བཟའ་བཅའི་སྐོར་ལ་བཀའ་བསྡུར་གནང་འཆར་མེད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།