བཀའ་བློན་སྟག་ལྷ་མཆོག་དབྱིན་ཡུལ་དུ་རོགས་སྐྱོར་འཚོལ་ཞིབ་ཆེད་ཕེབས་པ།

བཀའ་བློན་སྟག་ལྷ་མཆོག་ཡུ་རོབ་ཡུལ་གྲུ་ཁག་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རྒྱུའི་རོགས་སྐྱོར་འཚོལ་ཞིབ་གནང་བར་ཕེབས་འདུག
2008-04-28
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བཙན་བྱོལ་བོད་གཞུང་གི་ཕྱི་འབྲེལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་ནས་དབྱིན་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གི་ཆེས་མཐོའི་དཔོན་རིགས་ཁག་དང་མཇལ་འཕྲད་ཀྱིས་དབྱིན་གཞུང་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཉེན་སྐྱོབ་ཆེད་རོགས་སྐྱོར་ཡོང་བའི་འབོད་སྐུལ་གནང་ཡོད་འདུག

ཕྱི་འབྲེལ་བཀའ་བློན་མཆོག་ཉིན་ཤས་ནས་ཡུ་རོབ་ནང་ ཌེན་མཱག དང་ ནོར་ཝེ། སུད་ཝེ་ཌེན་བཅས་ཡུལ་གྲུ་ཁག་ཅིག་ནང་འབྲེལ་ཡོད་སྲིད་གཞུང་ཁག་ལ་བོད་ནང་ད་ལྟའི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་དང་བོད་མི་རྣམས་ཛ་དྲག་གི་གནས་སྟངས་དེ་མྱུར་སྐྱོབ་ཀྱི་ཆེད་རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རྒྱུའི་རོགས་སྐྱོར་འཚོལ་ཞིབ་གནང་བར་ཕེབས་ཏེ་ཡོད་པ་ལྟར་ཁོང་རེས་གཟའ་ཉི་མའི་ཉིན་དབྱིན་ཡུལ་ནང་ཕེབས་ཡོད་པ་དང་དབྱིན་ཡུལ་ནང་དབྱིན་ཇིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་མཱའེག་གེབ་སི་མཆོག་དང་མཇལ་འཕྲད་ཀྱིས་བོད་ནང་ད་ལྟ་བོད་མིར་འཕྲད་བཞིན་པའི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་དང་རྗེས་སུ་དབྱིན་ཇིའི་སྦི་སྦི་སི་བརྙན་འཕྲིན་ལས་ཁང་སོགས་ལ་བོད་ཀྱི་གནད་དོན་སྐོར་བཀའ་དྲིར་བཀའ་ལན་ཡང་གནང་ཡོད་པ་རེད་བོད་ནང་བོད་མིའི་ཞི་བའི་སྒེར་ལངས་ཀྱི་ལས་འགུལ་ལ་རྒྱ་ནག་གཞུང་གིས་དྲག་གནོན་གྱི་རྗེས་སུ་ བཙན་བྱོལ་གཞུང་གིས་བཀའ་བློན་ རྒྱལ་སྤྱིའི་ཡུལ་ཁག་ནང་ཡོད་པའི་བོད་གཞུང་དོན་གཅོད་ཁག་གི་ཕྱག་ལས་ལ་ཤུགས་སྣོན་གྱི་ཆེད་ཕེབས་པ་ཐོག་མའི་གྲས་ཤིག་ཆགས་ཡོད་པ་རེད།།

མཆན། (0)
Share
དྲ་གནས་ཆ་ཚང༌།