ཨུ་རུ་སུ་དང་ཕ་རན་སིའི་སྲིད་འཛིན་གསར་པར་འཚམས་འདྲི།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཨུ་རུ་སུ་དང་ཕ་རན་སིའི་གསར་དུ་འོས་འདེམས་བྱུང་བའི་སྲིད་འཛིན་རྣམ་གཉིས་ལ་འཚམས་འདྲི་ཞུས་པ།
2012-05-09
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཨུ་རུ་སུ་དང་ཕ་རན་སིའི་གསར་དུ་འོས་འདེམས་བྱུང་བའི་སྲིད་འཛིན་རྣམ་གཉིས་ལ་འཚམས་འདྲི་ཞུས་གནང་འདུག
ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་ཕྱི་ཟླ་ལྔ་པའི་ཚེས་༨ཉིན་ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕ་རན་སའི་སྲིད་འཛིན་གསར་པ་སྐུ་ཞབས་ཕེརེན་ཀོཨི་ཧོ་ལེནདྲ་མཆོག་དང་ ཨུ་རུ་སུའི་སྲིད་འཛིན་ལྦ་ལ་རྡི་མིར་པུ་ཀྲིན་རྣམ་གཉིས་ལ་སྲིད་འཛིན་གྱི་འོས་འདེམས་ནང་རྒྱལ་ཁ་ཐོབ་པར་དགའ་བསུའི་འཚམས་འཕྲིན་ཞིག་ཕུལ་ཡོད་པའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་འཁོད་འདུག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་མཚན་ཐོག་ནས་ ཨུ་རུ་སུའི་སྲི་འཛིན་མཆོག་ལ་ཕུལ་བའི་འཚམས་འཕྲིན་ནང་   ངས་བཙན་བྱོལ་དུ་ཡོད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་མི་མང་གི་ཚབ་ཞུས་ཏེ་ སྐུ་ཉིད་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་ཐེངས་གསུམ་པར་བདམས་ཐོན་བྱུང་བའི་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་ཁ་ཐོབ་པར་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་དང་འབྲེལ་ སྐུ་ཉིད་ཀྱི་དབུ་ཁྲིད་ལམ་སྟོན་འོག་ཨུ་རུ་སུའུ་མི་མང་ཚོར་བདེ་སྐྱིད་སྐྲུན་རྒྱུར་ཕན་ཐོགས་ཡོང་བའི་རེ་བ་ཞུ་རྒྱུ་དང་   བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་ སྐུ་ཉིད་ཀྱི་སྲིད་གཞུང་དང་ལྷན་སེམས་ཐག་ཉེ་པོའི་ཐོག་ནས་འབྲེལ་ལམ་ཞུ་རྒྱུའི་རེ་བ་འཆང་བཞིན་ཡོད་ཅེས་འཁོད་ཡོད་པ་དང་ དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གི་མཚན་ཐོག་ནས་ཕ་རན་སིའི་སྲིད་འཛིན་གསར་པ་མཆོག་ལ་ཕུལ་བའི་འཚམས་འཕྲིན་ནང་དུ་ཡང་ ངས་བཙན་བྱོལ་དུ་ཡོད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ བོད་མི་མང་གི་ཚབ་ཞུས་ཏེ་སྐུ་ཉིད་ཕ་རན་སིའི་སྲིད་འཛིན་དུ་འོས་འདེམས་བྱུང་བར་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་མ་ཟད་ སྐུ་ཉིད་ཀྱི་དབུ་ཁྲིད་ལམ་སྟོན་འོག་ཕན་རན་སིའི་མི་མང་ཚོར་ཕན་ཐོཌ་ཡོང་བའི་རེ་བ་ཞུ་རྒྱུ་ང་ བཙན་བྱོལབོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་སྐུ་ཉིད་ཀྱི་སྲིད་གཞུང་དང་ལྷན་སེམས་ཐག་ཉེ་པོའི་ཐོག་ནས་འབྲེལ་ལམ་ཞུ་རྒྱུའི་རེ་བ་འཆང་བཞིན་ཡོད་ཅེས་འཁོད་འདུག 

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།