ནད་པ་མི་གྲངས་ཆིག་སྟོང་ལྷག་གི་མིག་གི་ལིང་ཏོག་རིན་མེད་བཤག་བཅོས་བྱས་འདུག


2019-12-25
Share
རྒྱ་གར་རྡ་རམ་སཱ་ལའི་བདེ་ལེགས་སྨན་ཁང་དུ་རིན་མེད་མིག་དབང་ལིང་ཏོག་བཤག་བཅོས་བྱེད་བཞིན་པ། ༢༠༡༩།༡༢།༢༥ རྒྱ་གར་རྡ་རམ་སཱ་ལའི་བདེ་ལེགས་སྨན་ཁང་དུ་རིན་མེད་མིག་དབང་ལིང་ཏོག་བཤག་བཅོས་བྱེད་བཞིན་པ། ༢༠༡༩།༡༢།༢༥
RFA

བདེ་ལེགས་སྨན་ཁང་དང་ཉི་ཧོང་ནང་ཡོད་པའི་ཨེ་ཤེ་ཡའི་མིག་དབང་ཆེད་ལས་དང་འབྲེལ་བའི་མཐུན་ཚོགས་གཉིས་ཟུང་འབྲེལ་གྱིས་ད་བར་ཁྱོན་མི་གྲངས་༥༩༤༤་ཡི་མིག་ལ་བརྟག་དཔྱད་དང་མི་གྲངས་༡༡༡༩་ཡི་མིག་གི་ལིང་ཏོག་རིན་མེད་བཤག་བཅོས་བྱས་འདུག
བཞུགས་སྒར་རྡ་རམ་ས་ལ་རུ་རིན་མེད་ལོ་འཁོར་མིག་དབང་ལིང་ཏོག་གཤག་བཅོས་བྱེད་རྒྱུའི་ལས་གཞི་ཐེངས་༢༠ པ་དེ་འགོ་འཛུགས་གནང་སོང་།
བཞུགས་སྒར་རྡ་རམ་སཱ་ལར་ཡོད་པའི་བདེ་ལེགས་སྨན་ཁང་དང་ཉི་ཧོང་ནང་གི་ཨེ་ཤེ་ཡའི་མིག་དབང་ཆེད་ལས་དང་འབྲེལ་བའི་མཐུན་ཚོགས་སམ་(Association for Ophthalmic Cooperation in Asia)་ཟེར་བ་གཉིས་ཟུང་འབྲེལ་གྱིས། ཟླ་བ་འདིའི་སྤྱི་ཚེས་༢༥་ཉིན་བཞུགས་སྒར་བདེ་ལེགས་སྨན་ཁང་དུ། རིན་མེད་ལོ་འཁོར་མིག་དབང་ལིང་ཏོག་བཤག་བཅོས་ཐེངས་༢༠ ་པ་བྱེད་བཞིན་པ་དང་། ཁོང་ཚོས་མཉམ་ལས་འོག་འདས་པའི་མི་ལོ་༢༠་ནང་ཁྱོན་མི་གྲངས་༥༩༤༤་ཡི་མིག་དབང་ལ་བརྟག་དཔྱད་བྱས་བ་དང་། མི་གྲངས་༡༡༡༩་ཡི་མིག་དབང་ལིང་ཏོག་བཤག་བཅོས་བྱས་ཡོད་པ་བདེ་ལེགས་སྨན་ཁང་གི་འགན་འཛིན་དང་བོད་མི་མང་སྤྱི་འཐུས་གཅིག་ལྕོགས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག
ཐེངས་འདིའི་བརྟག་དཔྱད་བཤག་བཅོས་ཀྱི་ལས་གཞི་དེ་བཞིན་སྤྱི་ཟླ་༡༢་བའི་ཚེས་༢༨་བར་ཉིན་གྲངས་བཞིའི་རིང་སྤེལ་རྒྱུ་ཡིན་པ་རེད་འདུག
ཞིབ་ཕྲ་འདི་གའི་གསར་འགོད་པ་བློ་བཟང་དགེ་ལེགས་ཀྱིས་ས་གནས་ནས་གནས་ཚུལ་སྤེལ་བ་ནས་གསན་ཐུབ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།