འཛམ་གླིང་ཞི་བདེར་དམིགས་པའི་བོད་མིའི་ཆོས་ཕྱོཌ་བྱེད་སྒོ།

བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཉི་ཧོང་ནང་ཚོུད་བཅིུས་རིང་ཟས་བཅད་སྤང་སྟེ་སྨོན་ལམ་འདོན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྲུང་བརྩི་ཞུས་པ།

2008.09.01

༄༅༎བོད་གཞུང་དམངས་ཛ་དྲག་ཚོགས་ཆུང་གིས་བཀོད་ཁྱབ་འོག་འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་མི་ཚོས་འཛམ་གླིང་ཞི་བདེ་དང་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་གྱི་བྱ་སྤྱོད་མཚམས་འཇོག་ཡོང་ཐབས། བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བཞད་པར་བརྟན་པའི་ཆེད་ཕྱི་ཟླ་བརྒྱད་པའི་ཚེས་༣༠ཉིན་ཚོུད་༡༢ རིང་ཟས་བཅད་སྤང་སྟེ་སྨོན་ལམ་འདོན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བ་བཞིན་དེ་ཉིན་ཉི་ཧོང་གི་རྒྱལ་ས་ཀྲོ་ཀི་ཡོ་ནང་གི་ནང་པའི་དགོན་པ་ གོ་ཀོ་ཀུ་ཇི་ ཞེས་པའི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་ཉི་ཧོང་མི་དམངས་འདུ་འཛོམས་ཀྱིས་སྲུང་བརྩི་ཞུས་ཡོད་པ་རེད། ཉི་ཧོང་གི་བོད་གཞུང་སྐུ་ཚབ་དོན་གཅོད་ལྷག་པ་ཚེ་ཀོག་ལགས་ཀྱིས་ཐོག་མར་མི་དམངས་འདུ་འཛོམས་གནང་བ་ཚོར་འཛམ་གླིང་ཞི་བདེ་དང་རང་དབང་གི་ཆེད་དུ་དམིགས་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་དེའི་ནང་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེའི་གསུང་བཤད་གནང་བ་དང༌། དེ་རིང་ཉིན་མོ་དེར་ཚོུད་༡༢ རིང་ཟས་བཅད་སྤང་སྟེ་སྨོན་ལམ་འདེབས་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་དེ་ནི་ཁ་སྔོན་ཕྱི་ཟླ་གསུམ་པའི་ཚེས་༡༠ བོད་མིའི་རང་དབང་སྒེར་ལངས་ཉིན་མོ་ནས་བཟུང་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་ལས་འགུལ་སྤེལ་བར་རྒྱ་ནག་གཞུང་གིས་དྲག་གནོན་འོག་དམར་བསད་བཏང་བ་རྣམས་དང་བོད་ཀྱི་གནད་དོན་དེ་བཞིན་ཞི་བའི་ཐབས་ལམ་གྱི་ཐོག་ནས་གང་མགྱོགས་སེལ་ཐབས་ཡོང་བའི་ཆེད་དུ་འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོས་དུས་གཅིག་ལ་སྤེལ་བཞིན་ཡོད་པའི་ལས་འགུལ་ཞིག་ཡིན་པ་དང་ལྷག་པར་དུ་ད་རེས་ཀྱི་ཆོས་ཕྱོགས་ཀྱི་ཞི་བའི་ལས་འགུལ་དེ་ནི་ད་བར་བོད་མི་ཚོའི་ངོས་ནས་འཚེ་མེད་ཞི་བའི་ཐབས་ལམ་ལག་བསྟར་བྱེད་བཞིན་པ་སྔར་བས་ར་སྤྲོད་ཐུབ་པ་ཞིག་དང་ང་ཚོའི་འཚེ་མེད་ཞི་བའི་ལས་འགུལ་དེ་ལྟ་བུར་རྒྱ་ནག་གི་དབུ་ཁྲིད་ཚོར་བྱམས་སེམས་ཀྱི་ཚོར་བ་ཞིག་སྐྱེད་དེ་ཁོང་ཚོས་བོད་དོན་ཐོག་འཛིན་པའི་སྲིད་ཇུས་ལ་བསམ་ཞིབ་བྱ་རྒྱུའི་ཆེད་དུ་ཡིན་པ་གསུང་ཡོད་པ་རེད། ཉི་ཧོང་གི་གོ་ཀོ་ཀུ་ཇི་ནང་པའི་དགོན་སྡེ་དེའི་དབུ་ཁྲིད་སྐུ་ཞབས་ ཨོ་ཀ་མོ་ཊོ་ མཆོག་ནས་ཀྱང་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་འཚེ་མེད་ཞི་བའི་ཐབས་ལམ་ལ་ཡིད་ཆེས་ཆེན་པོ་ཞུ་གི་ཡོད། ད་རེས་ཀྱི་ཟས་བཅད་སྤང་སྟེ་ཆོས་ཕྱོགས་ཀྱི་བྱེད་སྒོ་དེར་འཛམ་གླིང་ནང་ཞི་བདེ་དང་རང་དབང་སྐྲུན་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎