སོ་རྒྱབ་པར་ཨ་སྒོར་ཆིག་འབུམ་ལྷག་གི་ཉེས་ཆད་བཏང་འདུག

2014-06-27
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་རྒྱལ་སར་མི་ཚོགས་མང་པོ་འཛོམས་ནས་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་བལྟ་བཞིན་པ། ༢༠༡༤།༦།༢༦
ཨ་རིའི་རྒྱལ་སར་མི་ཚོགས་མང་པོ་འཛོམས་ནས་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་བལྟ་བཞིན་པ། ༢༠༡༤།༦།༢༦
ཀླུ་འབུམ།

ཇར་མན་ནེ་དང་ཨ་མི་རི་ཀ་གཉིས་ཀ་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་རིམ་པ་གཉིས་བའི་ནང་ཚུད་ཡོད་པ་རེད།
དེ་ཡང་སྤྱི་ཚེས་༢༦་ཉིན་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ཇར་མན་ནེ་དང་ཨ་མི་རི་ཀའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་ཇར་མན་ནེ་ཡིས་ཨ་མི་རི་ཀའི་སྒོའི་ནང་གཅིག་བླུག་ནས་ཨ་རིའི་རུ་ཁག་ཤོར་ཡོད་པ་རེད། ཡིན་ནའང་ཉིན་དེར་ཕཱོ་ཆི་སྒལ་དང་གྷ་ན་གཉིས་ཀྱི་རྩེད་འགྲན་སྐབས་ཕཱོ་ཆི་སྒལ་ཡིས་གྷ་ནའི་སྒོའི་ནང་སྤོ་ལོི་གཉིས་བླུག་པ་ཏེ་གཅིག་དང་གཉིས་ཀྱི་ཐོབ་ཤོར་བྱུང་བའི་རྐྱེན་ལས་སྤོ་ལོའི་སྡེ་ཚན་D ཁོངས་སུ་རུ་ཁག་བཞི་ཡོད་པའི་ནང་མཐའ་བསྡོམས་སྒོའི་ནང་བླུག་མང་ཉུང་གི་རྩིས་སྟངས་ཐོིག་ནས་ཨ་རིའི་རྩེད་འགྲན་རུ་ཁག་དེ་རྒྱལ་ཁབ་བཅུ་དྲུག་གི་འགྲན་རྩེད་ནང་ཚུད་ཐུབ་པ་བྱུང་ཡོད་པ་རེད། ད་ལྟའི་ཆར་ཇར་མན་ནེ་དང་། ཨ་མི་རི་ཀ ཕཱོ་ཆི་སྒལ། གྷ་ན་རྩེད་འགྲན་རུ་ཁག་གི་སྡེ་ཁག་D ནང་ནས་ཇར་མན་ནེ་དང་ཨ་རི་རྒྱལ་ཁབ་གྲངས་བཅུ་དྲུག་གི་རྩེད་འགྲན་ནང་ཚུད་ཐུབ་པ་བྱུང་ཡོད་པ་རེད།
གཞན་འཛམ་གླིང་རྐང་རྩེད་སྤོ་ལོའི་ཐོག་སྐད་གྲགས་ཆེ་ཤོས་གྲས་Uruguay ཡི་རྩེད་འགྲན་པ་ Luis Suarez ཡིས་རེས་གཟའ་ལྷག་པ་ཉིན་ཨི་ཊ་ལེའི་རྩེད་འགྲན་པ་ Giorgio Chielliniཡི་ཕྲག་པར་སོ་རྒྱབ་པ་ཡོད་པ་དང་། གནས་ཚུལ་ར་སྤྲོད་བྱུང་རྗེས་ཁོ་པ་འཛམ་གླིང་གི་FIFAཞེས་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་ལོ་ངོ་གཉིས་རིང་རྩེད་འགྲན་དུ་ཞུགས་མི་ཆོག་པའི་ཉེས་ཆད་དང་མཉམ་ཨ་སྒོར་ཆིག་འབུམ་ཆིག་ཁྲི་ཆིག་སྟོང་གི་ཉེས་ཆད་ཡང་བཅད་ཡོད་པ་རེད།
ད་བར་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་ཇར་མན་ནེ་རྐང་རྩེད་སྤོ་ལོའི་རུ་ཁག་ལ་མཐའ་མའི་རྒྱལ་ཁ་ཐེངས་གསུམ་ཐོབ་མྱོང་ཡོད་པ་དང་། ད་ཐེངས་ཀྱི་རྩེད་འགྲན་དེའི་ནང་ཇར་མན་ནེ་རུ་ཁག་དེ་མ་མཐར་ཡང་དེ་མཇུག་གི་རྒྱལ་ཁབ་བརྒྱད་ཀྱི་རྩེད་འགྲན་ནང་ཚུད་ཐུབ་རྒྱུའི་ཚོད་དཔག་གནང་མཁན་ཡོད་པ་རེད། ད་ལྟའི་ཆར་ཨ་མི་རི་ཀ་དང་བྷེལ་ཇམ་གཉིས་བདུན་རྗེས་མར་རྩེད་འགྲན་བྱེད་དགོས་ཀྱི་ཡོད་པ་རེད།

གསར་འགོད་པ་ལྷུན་གྲུབ་ཚེ་རིང་།

མཆན། (1)
Share

tenjing

ནས། singapore

ཐུགས་རྗེ་ཆེ

Jun 27, 2014 02:45 PM

དྲ་གནས་ཆ་ཚང༌།