དཔལ་འབྱོར་གྱི་གནས་སྟངས་༢༠༡༠ལོར་འགྱུར་ལྡོག་ཡོང་རྒྱུ།

འཛམ་གླིང་ནང་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པའི་གནས་སྟངས་ལ་ཕྱི་ལོ་༢༠༡༠ལོའི་ལོ་དཀྱིལ་ཙམ་ལ་འགྱུར་ལྡོག་ཡོང་རྒྱུ་ཡིན་ལུགས་སྐོར།

2008.11.23

༄༅༎འཛམ་གླིང་ནང་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པའི་གནས་སྟངས་ལ་ཕྱི་ལོ་༢༠༡༠ལོའི་ལོ་དཀྱིལ་ཙམ་ལ་འགྱུར་ལྡོག་ཡོང་རྒྱུ་ཡིན་ལུགས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་མཐུན་ཚོགས་ཀྱིས་གསུངས་གནང་འདུག

དེ་ནི་ད་ལམ་ཟླ་གྲངས་བཅོ་བརྒྱད་དམ་ལོ་ངོ་གཅིག་དང་ཕྱེད་ཙམ་རྗེས་སུ་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུ་ཡིན་པར་གོ་དགོས་ཤིང་དེ་ཡང་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཉི་ཤུ་རྩ་གཅིག་ཡོད་པ་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་ཕྱོགས་བསྡོམས་དཔལ་འབྱོར་ཐོན་སྐྱེད་ཀྱི་ཕྱེད་ཙམ་ཟིན་གྱི་ཡོད་པ་རེད། ཨ་རིའི་སྲིད་འཛིན་ཇོཇེ་ཌབ་ལུ་སྦུཤེ་མཆོག་གི་གཙོས་རྒྱལ་ཁབ་ཉི་ཤུ་རྩ་གཅིག་གི་དབུ་ཁྲིད་རྣམས་པེ་རུའི་རྒྱལ་ས་ལི་མ་རུ་ཉིན་གཉིས་རིང་ལྷན་ཚོགས་གནང་ཡོད་ཅིང་གྲོས་གཞི་གཙོ་བོ་དཔལ་འབྱོར་སླར་གསོ་བྱ་ཕྱོགས་དང་ལྷག་པར་རང་དབང་ཅན་གྱི་ཁྲོམ་ར་འཛུགས་གལ་ཆེ་བ་སོགས་ཀྱི་གླེང་སློང་གནང་ཡོད་པ་རེད། ཡར་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གིས་སྔོན་དཔག་གནང་བར་གཞིགས་ན་ཕྱི་ལོ་༢༠༠༩ལོའི་ནང་ཡར་ཐོན་རྒྱལ་ཁབ་ཁག་གི་དཔལ་འབྱོར་འཕེལ་ཚད་གཅིག་མེད་གྲངས་ཆུང་གཅིག་ཙམ་དང་ཕྱི་ལོ་༢༠༡༠ལོའི་ནང་འཛམ་གླིང་གི་ཡུལ་གྲུ་གཞན་རྣམས་དཔལ་འབྱོར་ཉམས་རྒུད་ལས་གྲོལ་ཙམ་ཡོང་བཟོ་ཡོད་ལུགས་གསུངས་ཡོད་པ་རེད། ཡང་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་ལ་ཉི་འོང་སྲིད་གཞུང་གིས་ཨ་རིའི་ཌོ་ལར་ཐེར་འབུམ་བརྒྱ་ཙམ་སྔ་གཡར་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་ཀྱང་རྒྱ་ནག་གཞུང་ལ་ཌོ་ལར་བཀར་འཇུག་ཁྲག་ཁྲིག་ཆེ་མོ་གཅིག་དང་གྲངས་ཆུང་དགུ་ཙམ་ཡོད་ཀྱང་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་སྔ་གཡར་བྱ་རྒྱུའི་སྐོར་གང་ཡང་བཤད་མེད་པ་རེད། ཨ་རིའི་སྲིད་འཛིན་ཇོཇེ་སྦུཤེ་མཆོག་ལས་གནས་ནས་མ་འཕོས་གོང་ད་ཐེངས་ཀྱི་གཞུང་དོན་ཕྱོགས་ཕེབས་དེ་མཐའ་མ་ཡིན་སྲིད་པ་ཡིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎