བོད་པའི་དགེ་འདུན་པའི་ཚན་རིག་ལས་རིམ་བགྲོ་གླེང་ཐེངས་དང་པོ།

བོད་པའི་དགེ་འདུན་པའི་ཚན་རིག་ལས་རིམ་ཐེངས་དང་པོའི་འགྲེམས་སྟོན་དང་ཚན་རིག་ཐོག་གི་བགྲོ་གླེང་ཞིག་བསྐོང་ཚོགས་གནང་ཡོད་པ་རེད།
2009-06-23
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བཞུགས་སྒར་རྡ་རམ་ས་ལར་བོད་པའི་དགེ་འདུན་པའི་ཚན་རིག་ལས་རིམ་ཐེངས་དང་པོའི་འགྲེམས་སྟོན་དང་ཚན་རིག་ཐོག་གི་བགྲོ་གླེང་ཞིག་བསྐོང་ཚོགས་གནང་ཡོད་པ་རེད།

འདི་ནི་རྡ་ས་བོད་ཀྱི་དཔེ་མཛོད་ཁང་དང་ཨ་མི་རི་ཀའི་སེ་སྒར་ཁྱིམ་ཚང་ཐེབས་རྩ་གཉིས་ནས་གོ་སྒྲིག་ཞུས་སྟེ་བཙན་བྱོལ་བོད་གཞུང་གི་བསྟི་གནས་གངས་ཅན་སྐྱིད་ཤོངས་སྤྱི་ཐབ་ལས་བྱེད་གསོལ་ཚིགས་ཁང་གི་ཡང་སྟེང་ཚོགས་ཁང་དུ་ཚུགས་འདུག

བོད་པའི་དགེ་འདུན་པའི་ཚན་རིག་ལས་རིམ་ཐེངས་དང་པོའི་འགྲེམ་སྟོན་དང་བགྲོ་གླེང་གི་ཚོགས་འདུ་དེའི་ཐོག་ཚན་རིག་སློབ་སྦྱོང་གནང་མཁན་བོད་པའི་དགེ་འདུན་པ་དང་ཨ་མི་རི་ཀའི་ཨེ་མོ་རི་མཐོ་སློབ་ཀྱི་སློབ་མ་དེ་བཞིན་ཚན་རིག་ལ་དོན་གཉེར་ཡོད་པའི་མི་ཁག་ཅིག་འཛོམས་སྟེ་ཕྱི་ཟླ་དྲུག་པའི་ཚེས་ཉི་ཤུ་གཉིས་སྟེ་འགྲེམ་སྟོན་དབུ་འབྱེད་ཉིན་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཚན་རིག་ཐོག་ནས་ཕྱི་དངོས་པོའི་གནས་ལུགས་སྐོར་ངོ་སྤྲོད་སྐོར་གསུང་བཤད་གནང་པ་དང་དེ་རྗེས་ཨ་རིའི་ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས་འགན་འཛིན་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་བོད་པའི་དགོན་སྡེ་ཁག་ནང་ཚན་རིག་ལ་སློབ་གཉེར་གནང་རྒྱུའི་ཐད་གོམ་པ་མདུན་བསྐྱོད་གནང་བཞིན་པ་དེ་ནི་སྤོབས་པ་འོས་པའི་རང་བཞིན་ཞིག་ཡིན་པར་མ་ཟད་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ཟབ་མོ་ཞིག་གྲུབ་པའི་ལས་དོན་ཞིག་ཀྱང་ཡིན་ལ་བོད་པའི་དགོན་སྡེ་མང་པོའི་ནང་ཚན་རིག་སློབ་གཉེར་ལས་རིམ་ལག་བསྟར་བྱེད་བཞིན་པ་དེ་ནི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་ཀྱང་ཡིན་པ་གསུངས་འདུག

ད་རེས་ཀྱི་ཚོགས་འདུ་འདིའི་ཐོག་ས་དགེ་བཀའ་རྙིང་གཡུང་དྲུང་བོན་བཅས་ཀྱི་ཁྱབ་ཁོངས་དགོན་སྡེ་ཁག་གི་དགེ་འདུན་པ་ཁག་ཅིག་ཆེད་ཕེབས་གནང་ཡོད་པ་དང་ཁོང་རྣམ་པས་ཁ་སང་ང་ཚོས་མཐོང་པ་དེ་ད་ལྟ་ཇི་ལྟར་དྲན་ནམ་ཞེས་པའི་བརྗོད་གཞི་དང་ཀླད་པའི་ཆ་ཤས་འདྲ་མིན་གང་དང་གང་གིས་ལུས་ངག་ཡིད་གསུམ་གྱི་མྱོང་ཚོར་དང་སྤྱོད་ལམ་སྟངས་འཛིན་བྱེད་མིན་དེ་བཞིན་སྒྲ་ཇི་ལྟར་འབྱུང་ཚུལ་དང་དེ་ཐོས་སྟངས་འཇིག་རྟེན་གྱི་ཁམས་ཆགས་ཚུལ་དང་དེའི་ཐད་ནང་པ་དང་ཚན་རིག་དབར་འགྲེལ་བརྗོད་བྱ་སྟངས་མི་འདྲ་བའི་སྐོར་འོད་ཅེས་པའི་གོ་དོན་དང་ཁ་མདོག་འདྲ་མིན་གྱི་འབྱུང་ཁུངས་དངོས་ཁམས་ཀྱི་རྫས་མི་འདྲ་བ་གང་དང་གང་ཡོད་པ་སོགས་ཀྱི་བརྗོད་གཞིའི་སྒོ་ནས་གཏམ་བཤད་དང་གནད་དོན་ངོ་སྤྲོད་གནང་རྒྱུ་ཡིན་འདུག

འགྲེམ་སྟོན་དང་ཚན་རིག་གི་བགྲོ་གླེང་གི་ཚོགས་འདུ་འདི་བཞིན་ཕྱི་ཚེས་ཉི་ཤུ་བཞི་ཉིན་མཇུག་བསྒྲིལ་རྒྱུ་ཡིན་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།