ཨ་མ་བོད་པ་ཡིན་པའི་ཕོ་གསར་ཞིག་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིའི་འོས་མིར་ལངས་འདུག

2018-02-11
གློག་འཕྲིན།
མཆན།
Share
པར་བཀོད།
ཕ་རྒྱ་གར་བ་དང་།མ་བོད་པ་ཡིན་པའི་ཨ་ཧྥ་ཐབ་ཀརྨ་ལགས་ཨ་རིའི་Ohio མངའ་སྡེ་ནས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མིའི་འོས་བསྡུའི་འོས་མིར་བཞེངས་གནང་བཞག
ཕ་རྒྱ་གར་བ་དང་།མ་བོད་པ་ཡིན་པའི་ཨ་ཧྥ་ཐབ་ཀརྨ་ལགས་ཨ་རིའི་Ohio མངའ་སྡེ་ནས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མིའི་འོས་བསྡུའི་འོས་མིར་བཞེངས་གནང་བཞག
ཨཕ་ཏཱབ་པུ་རེ་ཝཱལ།

ཕ་རྒྱ་གར་བ་དང་། ཨ་མ་བོད་པ་ཡིན་པའི་ཨ་ཧྥ་ཐབ་ཀརྨ་ལགས་ཨ་རིའི་Ohio མངའ་སྡེ་ནས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་འོས་བསྡུའི་འོས་མིར་ལངས་འདུག  ཁོང་ནི་བོད་ཀྱི་མི་རྒྱུད་ཡིན་པ་ཞིག་ཨ་རིའི་གྲོས་ཚོགས་འཐུས་མིའི་འོས་མིར་ལངས་བ་ལོ་རྒྱུས་ཐོག་ཐེངས་དང་པོ་རེད། ཁོང་གིས་སྤྱི་ཟླ་དང་པོའི་ཚེས་༣༡ཉིན་གྲོས་ཚོགས་འཐུས་མིའི་འོས་མིར་ལངས་རྒྱུར་གསལ་བསྒྲགས་གནང་སྐབས། ང་གྲོས་ཚོགས་འཐུས་མིའི་འོས་མིར་ལངས་དགོས་དོན་ནི། ང་ཚོའི་རྒྱལ་ཁབ་འདི་མི་རབས་གསར་བས་སྣེ་ཁྲིད་ནས་ཁ་ཕྱོགས་གསར་བ་ཞིག་བསྐྱོད་དགོས་འདུག་ཞེས་གསུངས་ཡོད་པ་རེད།  ཕལ་ཆེར་འགྲན་རྩོད་མེད་པའི་ངང་ཨ་ཧྥ་ཐབ་ཀརྨ་ལགས་དམངས་གཙོ་ཚོགས་པའི་འོས་མིར་ཐོབ་རྒྱུ་ཡིན་པ་དང་།   ཁོང་གི་ཁ་གཏད་ནི་༡༩༩༤ ལོ་ནས་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་ཀྱི་འོས་མི་ཡིན་པ་དགུང་ལོ་༦༥ སོན་ཡོད་པའི Steve Chabot ཟེར་བ་དེ་ཡིན་ལ། ཨ་རིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཨ་ཧྥ་ཐབ་ཀརྨ་ལགས་ལ་འོས་བསྡུའི་རྒྱལ་ཁ་ཐོབ་རྒྱུར་རེ་བ་ཆེན་པོ་ཡོད་འདུག  དངོས་གཞིའི་འོས་བསྡུ་སྤྱི་ཟླ་༡༡ པའི་ཚེས་ ༦ རེས་གཟའ་མིག་དམར་ཉིན་ཡིན་ལ།  ཉིན་དེར་བོད་མི་ཞིག་ཨ་རིའི་གྲོགས་ཚོགས་ཀྱི་འཐུས་མི་ཆགས་མིན་ང་ཚོས་ཤེས་ཐུབ་ངེས་རེད། ཨ་ཧྥ་ཐབ་ཀརྨ་ལགས་ཀྱི་ཕ་མ་གཉིས་ལོ་བཞི་ཅུའི་སྔོན་ལ་རྒྱ་གར་ནས་ཨ་རིར་གཞིེ་སྤོར་གནང་ཡོད་འདུག  ཁོང་ཨ་རི་ནས་སྐུ་འཁྲུངས་པ་དང་། ད་ལྟ་ཁོང་དགུང་ལོ་༣༥ ཡིན་པ་རེད།

གསར་འགོད་པ་དཔལ་ལྡན་རྒྱལ།

མཆན། (1)
Share

Mingmed

ནས། Ari

Some of your broadcaster pronounce AFTAF as AFADHABHA....

Feb 12, 2018 09:04 AM

དྲ་གནས་ཆ་ཚང༌།