བོད་ནང་གི་ས་ཁུལ་ཁག་ཅིག་ལ་ཆུ་ལོག་གི་དཀའ་ངལ་འཕྲད་བཞིན་འདུག

2018-07-09
གློག་འཕྲིན།
མཆན།
Share
པར་བཀོད།
རྔ་བ་ཁུལ་ཁྱུང་མཆུ་རྫོང་ཁོངས་སུ་ཆུ་ལོག། ༢༠༡༨།༧
རྔ་བ་ཁུལ་ཁྱུང་མཆུ་རྫོང་ཁོངས་སུ་ཆུ་ལོག། ༢༠༡༨།༧
དུས་བབ།

བོད་ནང་གི་ས་ཁུལ་ཁག་གཅིག་ལ་དབྱར་དུས་ཆར་ཤུགས་ཀྱི་རྐྱེན་པས་ཆུ་ལོག་བྱུང་བའི་དཀའ་ངལ་འཕྲད་བཞིན་པ་རེད།
དེ་ཡང་བོད་ནས་བོད་མི་ཞིག་གིས་འདི་གའི་གསར་འགོད་པར་བརྗོད་པ་ལྟར་ན། ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གསེར་རྟ་རྫོང་གི་མངའ་འོག་ཏུ་ཡོད་པའི་བོད་རིགས་འབྲོག་ཁུལ་དུ་ཟླ་འདིའི་སྤྱི་ཚེས་༦་ཉིན་གྱི་དགུང་དྲོར་གློ་བུར་དུ་དྲག་ཆར་བབས་སྟེ་ཆུ་ལོག་བྱུང་ནས་འགྲོ་ལམ་ཆུས་ཁེངས་བ་དང་། ལམ་ལས་བ་མང་པོ་ཞིག་གི་སྡོད་གུར་དང་ཟ་མ་སོགས་ཆུས་ཁྱེར་ཡོད་པ་དང་། སྤྱི་ཚེས་༩་ཉིན་འདམ་རྙོག་ནང་དམངས་ཚོགས་ཀྱི་རོགས་རམ་ལ་བརྟེན་ནས་རླངས་འཁོར་ཕར་ཚུར་ཐར་ཙམ་བྱུང་བ་ལས་ཐད་ཀར་འགྲོ་ཐུབ་ཀྱི་མེད་པ་རེད་ལ་ད་བར་ཆུ་ལོག་དེའི་རྐྱེན་པས་མིའི་སྲོག་ལ་གནོད་པ་འདྲ་བྱུང་མེད་པ་བརྗོད་འདུག
དེ་བཞིན་སྡེ་དགེ་སོགས་ས་གནས་ཁག་གཅིག་ལ་ཆུ་ལོག་བྱུང་བ་མ་ཟད། རྔ་བ་ཁུལ་ཁྱུང་མཆུ་རྫོང་ཁོངས་སུ་ཡུན་རིང་ཆར་པ་ཤུགས་ཆེན་བབ་ཀྱི་ཡོད་པར་བརྟེན། རྐ་ཆུ་རྒྱས་ཏེ་སྦྲ་ཆེན་ཡུལ་ཚོའི་རུ་ཆེན་གཉིས་པའི་སྦྲ་གུར་ཡུལ་སྐོར་ལྟེ་བ་སོགས་སུ་ཆུ་ལོག་རྒྱུག་སྟེ་ཛ་དྲག་གིས་ཅ་དངོས་རྣམས་དབོར་འདྲེན་བྱེད་དགོས་བྱུང་ཡོད་འདུག

གསར་འགོད་པ་གུ་རུ་ཆོས་སྐྱིད།

མཆན། (0)
Share
དྲ་གནས་ཆ་ཚང༌།