ཡུལ་ཤུལ་ཁྲི་འདུ་ཕྱོགས་སུ་ཆར་པ་ཤུགས་ཆེ་བབས་ནས་ཆུ་ལོག་རྒྱུག་འདུག


2018.08.28
ཡུལ་ཤུལ་ཁྲི་འདུ་ཕྱིོགས་ཀྱི་ས་ཁྲ ཡུལ་ཤུལ་ཁྲི་འདུ་ཕྱིོགས་ཀྱི་ས་ཁྲ
RFA

བོད་ནང་གི་ཡུལ་ཤུལ་ཁྲི་འདུ་རྫོང་ཁུལ་ཆར་པ་ཤུགས་ཆེ་བབས་ནས་གྲོང་སྡེ་རེ་བཟུང་ནང་ཆུ་ལོག་རྒྱབ་ནས་མང་ཚོགས་ཀྱི་དཔལ་འབྱོར་ལ་གྱོང་གུན་ཕོག་འདུག
དེ་ཡང་བོད་ནས་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། ཟླ་བ་འདིའི་ཕྱི་ཚེས་༢༧ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁྲི་འདུ་རྫོང་ཧོ་ལུང་སྡེ་པ་དང་། ཟླ་བ་གྲོང་ཚོ་བཅས་སུ་གློ་བུར་དུ་དྲག་ཆར་བབས་ནས་ཆུ་ལོག་བྱུང་ཞིང་།  འགྲོ་ལམ་ཁག་ཁ་ཤས་ལ་གནོད་སྐྱོན་ཕོག་ནས་འགྲོ་འོང་བྱ་རྒྱུར་དཀའ་ངལ་འཕྲད་པ་དང་། ཡུལ་མི་སྒེར་གྱི་སྣུམ་འཁོར་ཆུ་ལོག་གིས་འཁྱེར་ནས་བེད་སྤྱོད་མེད་པ་བཟོས་པ་སོགས་ཀྱི་གནས་ཚུལ་བྱུང་འདུག་ཀྱང་།  ཆུ་ལོག་གིས་མིའི་ཚེ་སྲོག་ལ་གནོད་འཚེ་ཕོག་མེད་པ་འགྲེལ་བརྗོད་གནང་འདུག
དེ་མིན་ཡང་བོད་ཤར་ཕྱོགས་ཁུལ་གྱི་ས་ཁུལ་གཞན་ཁག་ཏུ་ཡང་ཆར་པ་ཤུགས་ཆེ་བབས་པའི་རྐྱེན་གྱིས་འགྲོ་ལམ་འགག་པ་དང་། ས་རུད་ཐེབས་པ་སོགས་ཀྱི་གནས་ཚུལ་ཡང་བྱུང་འདུག

གསར་འགོད་པ་ཀུན་བཟང་བསྟན་འཛིན་དང་། ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎