ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་རིག་གཞུང་དང་འབྲེལ་བའི་ལས་བཟོ་ཁང་ཞིག་གཉེར་འདོད་ཡོད་འདུག

2021.10.16
ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་རིག་གཞུང་དང་འབྲེལ་བའི་ལས་བཟོ་ཁང་ཞིག་གཉེར་འདོད་ཡོད་འདུག ཁྲིམས་རྩོད་པ་གྲགས་ཅན་ལེང་ཞོ་ཇོན་གྱི་ཁྲེ་ཌར་དྲ་རྒྱ།
ལེང་ཞོ་ཇོན།

དེ་རིང་ཚེས ༡༦ ཉིན། རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་གནས་སྡོད་ཁྲིམས་རྩོད་པ་གྲགས་ཅན་ལེང་ཞོ་ཇོན་གྱི་ཁྲེ་ཌར་དྲ་རྒྱའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ལོ་ལྔའི་རིང་བཙོན་འཇུག་བྱས་ནས་ད་ལོའི་སྤྱི་ཟླ་དང་པོའི་ནང་གློད་གྲོལ་ཐོབ་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་། ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཁོང་ལ་ཁ་པར་ཞིག་བཏང་ཡོད་འདུག བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་འདས་པའི་ཟླ་བ་ཁ་ཤས་རིང་རང་ཁྱིམ་དུ་ངལ་གསོ་བ་དང་། དགོན་པ་ཁ་ཤས་ལ་མཆོད་མཇལ་དུ་ཕེབས་ཡོད་པ། ཁོང་གིས་ད་རུང་ཝེ་པོད་དྲ་རྒྱ་ཞིག་སྒོ་ཕྱེས་འདུགཔ་དང་། མ་འོངས་པར་རིག་གཞུང་དང་འབྲེལ་བའི་ལས་བཟོ་ཁང་ཞིག་གཉེར་འདོད་ཡོད་འདུག ཁོང་གི་སྐུ་གཟུགས་བདེ་བོ་ཡིན་ཚུལ་བརྗོད་བྱུང་། ཁོང་གིས་ང་ལ་པར་ཁ་ཤས་བཏང་བར་བལྟས་ན་ངོ་གདོང་ཡག་པོ་འདུག་ཞེས་དང་། ཡང་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་གྲགས་ཅན་ལེང་ཞོ་ཇོན་གྱིས། ད་ཐེངས་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཁ་པར་བཏང་བ་འདི་ནི་བཙོན་གྲོལ་ཐོབ་རྗེས་ང་ལ་ཁ་པར་བཏང་བ་ཐོག་མ་དེ་ཡིན་ཞེས་ཁོང་གིས་ཁྲེ་ཌར་དྲ་རྒྱའི་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་འདུག
བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་བོད་ཀྱི་སྐད་ཡིག་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཝེ་པོ་ཟིན་བྲིས་ཞིག་ཁ་ཕྱེ་འདུག་པ་དེའི་ནང་གནས་སྐོར་ཟིན་བྲིས་ཞིག་རྒྱ་ཡིག་ཐོག་བྲིས་ཡོད་པའི་ནང་། དད་མོས་ནི་མིའི་རིགས་ཀྱི་བསམ་བློའི་འཚོ་བཅུད་ཡིན། ལྟ་བ་མཁྲེགས་འཛིན་དང་རང་ཤེད་ཅན་གྱི་ལས་བྱེད་རེ་ཟུང་གི་བྱ་སྤྱོད་ལས་རང་དབང་གི་ཕྱག་འཚལ་མཆོད་མཇལ་དང་། ནང་བསྟན་གོང་འཕེལ་རྡོག་རོལ་གཏོང་མི་འོས།  མ་ཟད་བོད་ཀྱི་ཆོས་དང་རིག་གཞུང་གོང་འཕེལ་ཐད་མངོན་ལྐོག་གང་ཐད་ནས་དམ་དྲག་བར་ཆད་གཏོང་མི་འོས་བ་སོགས་བྲིས་འདུག
བོད་ཀྱི་སྐད་ཡིག་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས། དེ་སྔ་པེ་ཅིན་དུ་གནས་སྡོད་ཨ་རིའི་ནེའུ་ཡོག་དུས་བབ་ཀྱི་གསར་འགོད་པར་བོད་ཀྱི་སྐད་ཡིག་སློབ་གསོའི་གནས་བབས་དང་ཐོབ་ཐང་སྐོར་གྱི་བཅར་འདྲིར་ལན་འདེབས་བྱས་པ་དང་། བོད་ནང་གི་སྐད་ཡིག་གི་དངོས་ཡོད་གནས་སྟངས་བརྗོད་པར་བརྟེན། ཕྱི་ལོ་༢༠༡༦ཟླ་༡ཚེས་༢༧ཉིན་ཡུལ་ཤུལ་གྱི་རྒྱ་ནག་གི་ཉེན་རྟོག་པས་གསང་བའི་ཐོག་ནས་འཛིན་བཟུང་བྱས་་དང་། དེའི་རྗེས་གསང་སྟབས་ཀྱིས་ཡུན་རིང་བཀག་ཉར་བྱས་་དང་། ཕྱི་ལོ་༢༠༡༨་ཟླ་༥ཚེས་༢༢ཉིན་ཡུལ་ཤུལ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། བཀྲ་ཤིས་དབང་ཕྱུག་ལགས་སུ་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ཁོང་ལ་ལོ་༥བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད་ལ  ༢༠༢༡ ་འདི་ལོའི་ཕྱི་ཟླ་དང་པོའི་ཚེས་༢༨ཉིན་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་གི་དུས་ཡུན་ཚང་རྗེས་གློད་གྲོལ་ཐོབ་པ་རེད།
གསར་འགོད་པ། དཔལ་ལྡན་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎