ཆབ་སྲིད་བཙོན་ཟུར་ཡེ་ཤེས་རྒྱ་མཚོ་ལགས་འདས་གྲོངས་སུ་གྱུར་འདུག

2019-05-04
གློག་འཕྲིན།
མཆན།
Share
པར་བཀོད།
མདོ་སྨད་རེབ་གོང་བཙན་མོ་ཡང་སྟེང་སྡེ་པ་ནས་ཡིན་པའི་ཆབ་སྲིད་བཙོན་ཟུར་ཡེ་ཤེས་རྒྱ་མཚོ་ལགས་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ།
མདོ་སྨད་རེབ་གོང་བཙན་མོ་ཡང་སྟེང་སྡེ་པ་ནས་ཡིན་པའི་ཆབ་སྲིད་བཙོན་ཟུར་ཡེ་ཤེས་རྒྱ་མཚོ་ལགས་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ།
བོད་མིའི་སྒྲིག་འཛུགས།

ཕྱི་ལོ་༢༠༠༨ཟླ་༣ཚེས་༣༡ཉིན་རྒྱ་ནག་གཞུང་གིས་ཟླ་ཤས་རིང་འཛིན་བཟུང་བཙོན་འཇུག་བྱས་ཡོད་ཀྱང་། རིམ་པས་ཁོང་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་འདུག འོན་ཀྱང་བཙོན་ཁང་དུ་མནར་གཅོད་དང་གཅར་རྡུང་དྲག་པོ་བཏང་རྐྱེན་གྱིས་ཁོང་སེམས་ཁམས་མི་བདེ་བར་གྱུར་བ་བཅས་རྒྱ་ནག་གཞུང་གི་བཙོན་ཁང་གི་དུས་བཀག་རྫོགས་མཚམས་གློད་བཀྲོལ་བཏང་རུང་། བཙོན་པ་མང་པོའི་གཟུགས་གཞིར་ནད་འདྲ་མིན་ཕོག་པ་དང་། ཡང་ན་རིག་འཚོ་མི་བརྟན་པ་ཆགས་ཀྱི་ཡོད་ནས་སྐུ་ཚེ་རིང་པོ་འཚོ་གནས་ཐུབ་ཀྱི་མེད་པ་ལྟར་། ཡེ་ཤེས་རྒྱ་མཚོ་ལགས་ཀྱང་བཙོན་ཁང་ནས་གློད་བཀྲོལ་ཐོབ་པའི་རྗེས་སུའང་ལུས་སེམས་གཉིས་ཀར་དཀའ་ངལ་འཕྲད་པ་ཞིག་ཡིན་འདུག

ཡེ་ཤེས་རྒྱ་མཚོ་ལགས་དམ་པའི་ཕའི་མིང་ལ་སྐོ་ཏོ་དང་། མའི་མིང་ལ་བཙུན་མོ་སྐྱིད་ཟེར་གྱི་ཡོད་འདུག་པ་དང་། ཕ་འདས་གྲོངས་སུ་གྱུར་ཟིན་ཡོད་འདུག།

གསར་འགོད་པ་ཀརྨ་རྒྱ་མཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།