རྒྱ་ནག་གཞུང་གི་དམ་དྲག་དྲག་གནོན་གྱི་བྱ་སྤྱོད་ལ་ཧྥ་རན་སིའི་ནང་ངོ་རྒོལ།

2019-09-16
གློག་འཕྲིན།
མཆན།
Share
པར་བཀོད།
ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ཨེན་དྲི་རེ་སྒ་ཐོ་ལན་(André Gattolin)་ལགས་ཀྱིས་གཏམ་བཤད་གནང་བཞིན་པ། ༢༠༡༩།༩།༡༥
ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ཨེན་དྲི་རེ་སྒ་ཐོ་ལན་(André Gattolin)་ལགས་ཀྱིས་གཏམ་བཤད་གནང་བཞིན་པ། ༢༠༡༩།༩།༡༥
མཐུན་འགྱུར་པར་རིས། བློ་བཟང་མཁས་གྲུབ།

ཧྥ་རན་སིའི་རྒྱལ་སར་བོད་དང་ཧོང་ཀོང་སོགས་ཚོགས་སྡེ་ཁག་མང་པོའི་སྐུ་ཚབ་འཛོམས་ནས་རྒྱ་ནག་གཞུང་གི་དམ་དྲག་དྲག་གནོན་གྱི་བྱ་སྤྱོད་ལ་ངོ་རྒོལ་བྱས་འདུག
ཟླ་༩་ཚེས་༡༥་ཉིན། ཧྥ་རན་སིའི་རྒྱལ་ས་པེ་རི་སིས་ནང་འཛམ་གླིང་རྒྱལ་སྤྱིའི་དམངས་གཙོའི་དུས་ཆེན་གྱི་ཉིན་མོ་དང་བསྟུན། རྒྱ་ནག་གཞུང་གིས་རྒྱལ་ནང་དུ་དྲག་གནོན་གྱི་བྱ་སྤྱོད་སྤེལ་མུས་ཀྱི་སྲིད་བྱུས་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། སྐབས་དེར་ས་གནས་བོད་རིགས་ཚོགས་པའི་ཚོགས་མིས་དབུས། བོད་མི་མང་པོ་ཞིག་མཉམ་ཞུགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་དུ་དྲག་གནོན་གྱི་སྲིད་བྱུས་དང་། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞེན་ཇེ་སྡུག་ཏུ་གཏོང་བཞིན་པའི་གནས་སྟངས་གསལ་སྟོན་བྱས་ཡོད་ཅིང་། སྐབས་དེར་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ཨེན་དྲི་རེ་སྒ་ཐོ་ལན་(André Gattolin)་དང་། ཧྥ་རན་སིའི་བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་རིགས་ཚོགས་པ་བཅས་མཉམ་དུ། ཧོང་ཀོང་དང་། ཝེཊ་ནམ། ལའོསུ། ཐེ་ཝན། སོག་པོ་བཅས་ཀྱི་སྐུ་ཚབ་འཐུས་མི་ཕེབས་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དུ། དམངས་གཙོར་འགོག་གནོན་གྱི་སྲིད་བྱུས་འཛིན་སྟངས་ལ་སྐྱོན་བརྗོད་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་དུ་དམ་དྲག་གི་གནས་སྟངས་ལའང་སྐྱོན་བརྗོད་དང་། བོད་དོན་ལ་རྒྱབ་སྐྱོར་གྱི་གཏམ་བཤད་གནང་མཁན་བྱུང་ཡོད་པ་ལས་འགུལ་དེའི་ནང་དུ་མཉམ་ཞུགས་གནང་མཁན་ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་གི་ཚོགས་གཙོ་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད།

མཆན། (0)
Share
དྲ་གནས་ཆ་ཚང༌།