ཕྷ་རན་ས྄་སྲིད་འཛིན་མཆོག་གིས་༸གོང་ས་མཆོག་དང་རྒྱ་ནག་བར་གྲོས་མོལ་བསྐྱར་གསོ་ལ་བསྔཊ་བརྗོད་གནང་བ།

སར་ཀོསི་མཆོག་གིས༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་དཔོན་རིགས་བར་ཞི་བའི་གྲོས་མོལ་བྱ་རྒྱུའི་གནས་ཚུལ་ལ་དགའ་བསུ་ཞུས་འདུག

2008.04.25

 ༄༅༎ད་རིང་ཕྷ་རན་ས྄་སྲིད་འཛིན་ ནིཀོ་ལས྄་་ སར་ཀོསི་ མཆོག་གིས་ཉིན་མ་འགའ་ཤས་ནང་ཚུད་ལ་༸གོང་ས་ཏྰ་ལའི་བླ་མ་མཆོག་དང་རྒྱ་ནག་བར་གྲོས་མོལ་བསྐྱར་གསོ་བྱ་རྒྱུའི་གསལ་བསྒྲགས་བྱས་པ་དེ་ན་འཕེལ་རིམ་གལ་འགངས་ཆེན་པོ་ཞིག་དང་དངོས་གནས་ཀྱི་རེ་བ་ཡོང་རྒྱུ་ཡིན་པའི་བསྔགས་བརྗོད་གནང་ཡོད་པ་རེད།

ད་རིང་རྒྱ་ནག་གཞུང་འབྲེལ་ཤིང་ཧྰ་གསར་ཤོག་ཐོག་ལ་༸གོང་ས་ཏྰ་ལའི་བླ་མའི་སྐུ་ཚབ་དང་རྒྱ་ནག་གི་དཔོན་རིགས་བར་ཞི་བའི་གྲོས་མོལ་བྱ་རྒྱུའི་གནས་ཚུལ་སྤེལ་བ་དེ་ནི། བར་ལམ་ཕྱི་ཟླ་གསུམ་པའི་ཚེས་༡༠་ནས་བོད་ནང་རང་དབང་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ཏེ་

རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་རྗེས་གནས་ཚུལ་འཕེལ་རིམ་ཞིག་ཡིན་པ་དེར་ཁོང་གིས་ཐུགས་རེ་གནང་གི་ཡོད་པ་མ་ཟད། ད་རེས་རྒྱ་ནག་དང་༸གོང་ས་མཆོག་གི་སྐུ་ཚབ་ཕྱོགས་གཉིས་ཀས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་བོད་མི་ཚོས་རང་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་གཅེས་འཛིན་ཐུབ་རྒྱུའི་བཟང་ཕྱོགས་ཀྱི་ཐབས་ལམ་ཐོག་བསྐྱོད་རྒྱུའི་འདུན་པ་ཡོད་པའི་རྣམ་པ་བཏོན་པ་ཞིག་ཡིན་པའི་སྐོར་གསུངས་ཡོད་པ་རེད། དེ་བཞིན་ཡང་ཁ་སྔོན་ གྷིརིས྄་ ནང་རྒྱ་ནག་གི་ ཨོ་ལིམ་པིཀ་ དཔལ་འབར་མཛད་སྒོའི་ཐོག་རྒྱ་ནག་གི་ ཨོ་ལིམ་པིཀ་ རྩེད་འགྲན་གྱི་ཚོགས་གཙོས་གཏམ་བཤད་བྱས་ཡུལ་གྱི་རྒྱབ་ཕྱོགས་སུ་ངོ་རྒོལ་ལས་འགུལ་སྤེལ་མཁན་རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པའི་ཚོགས་པ་གསར་འཛུགས་གནང་མཁན་ རོ་བྷཊ་ མི་ནཌ་ ཡིས་རྒྱ་ནག་ཕྱོགས་ནས་༸གོང་ས་མཆོག་གི་སྐུ་ཚབ་ལྷན་དུ་ཞི་བའི་གྲོས་མོལ་བྱ་རྒྱུའི་ཐག་གཅོད་ལ་དགའ་བསུ་ཞུས་ཡོད་པ་རེད། རོ་བྷཊ་ མི་ནཌ་ ནི་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་ ཨོ་ལིམ་པིཀ་ རྩེད་འགྲན་གྱི་དཔལ་འབར་ཉི་ཧོང་ནང་བསྐོར་བསྐྱོད་བྱེད་སྐབས་ངོ་རྒོལ་ལས་འགུལ་སྤེལ་བར་ཉི་ཧོང་དུ་ཕེབས་ཡོད་པ་དང་། ཁོང་གི་གསར་འགོད་པར་རྒྱ་ནག་གཞུང་ཕྱོགས་ནས་དངོས་ཡོད་ཀྱི་གྲོས་མོལ་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན་ཚེ་ངོ་རྒོལ་གྱི་ལས་འགུལ་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎