བོད་དུ་སློབ་ཕྲུག་ལ་རིན་མེད་གསུམ་གྱི་མཐུན་རྐྱེན་སྤྲོད་རྒྱུ།

བོད་ནང་གི་ཕྲུ་གུ་ཚོར་སྔོན་འགྲོའི་སློབ་གྲྭ་ནས་འཛིན་རིམ་༡༢བར་སློབ་ཡོན་སྤྲོད་མི་དགོས་པར་མཐུན་རྐྱེན་ཡོངས་རྫོགས་སྦྱོར་རྒྱུ་ཡིན་ལུགས།

2012.01.24

༄༅༎བོད་རང་སྐྱོང་ལྗོངས་ས་གནས་སྲིད་གཞུང་གིས་རིན་མེད་གསུམ་ཞེས་པའི་ལས་འཆར་ པ་མ་ལེ་ཤི་ཡ་སི་ཀྲའར་(Malaysia Star)ཞེས་པའི་གསར་ཤོག་གིས་གཟའ་ཟླ་བའི་ཉིན་གནས་ཚུལ་སྤེལ་འདུག
རྒྱ་ནག་གི་ཞིང་ཆེན་ཁག་དང་རང་སྐྱོང་ས་གནས་ཁག་ནང་ལག་ལེན་བསྟར་མུས་ཡིན་པ་ནང་བཞིན་བོད་ནང་གི་སློབ་ཕྲུག་ཚོས་འཛིན་རིམ་ དང་པོ་ནས་བཅུ་གཉིས་བར་སློབ་ཡོན་སྤྲོད་མི་དགོས་པར་བསྐྱོད་ཆོག་པའི་མཐུན་རྐྱེན་ཡོད་མུས་ཐོག་ལ་ ད་ལོའི་སྟོན་ཀ་ནས་འགོ་བཙུགས་ཏེ་ སྔོན་འགྲོའིསློབ་གྲའི་ནང་ལའང་ ལོ་གསུམ་རིང་སློབ་ཡོན་སྤྲོད་མི་དགོས་པར་བསྐྱོད་ཆོག་པའི་མཐུན་རྐྱེན་སྤྲོད་རྒྱུ་ཡིན་པ་གསལ་བསྒྲགས་བྱས་འདུག་ བོད་རང་སྐྱོང་ལྗོངས་ཀྱི་ཤེས་ཡོན་ལས་ཁུངས་ཀྱི་འགན་འཛིན་སུང་ཧོ་ཕིང་གིས་ཉེ་ཆར་རྒྱ་ནག་རྒྱལ་ཡོངས་རླུང་འཕྲིན་ཐོག་ལ་ལས་འཆར་རྒྱང་སྲིང་བྱས་གསལ་ལྟར་ན་ ༡༩༨༥འི་ལོ་ནས་བཟུང་ལག་ལེན་བསྟར་བའི་འཆར་གཞི་གཞིར་བཟུང་ ལོ་ ༡༥ བར་དུ་ སློབ་ཡོན་སྤྲོད་མི་དགོས་པར་ཤེས་ཡོན་གྱི་འགྲོ་སོང་ཆ་ཚང་གཞུང་གིས་གཏོང་རྒྱུའི་ཐོག་ལ་ ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་གྱི་ལོ་ ༥འི་འཆར་གཞིའི་འོག་ གྲོང་ཁྱེར་ཁག་ནང་ སློབ་ཕྲུག་རེ་རེར་རོགས་དངུལ་རྒྱ་སྒོར་ཡོན་ ༣༠༠༠ རེ་སྤྲོད་རྒྱུ་དང་ ཞིང་འབྲོག་ཁུལ་དང་ ཉམ་ཐག་ཅན་ཚོར་ རོགས་དངུལ་འཐོལ་པ་སྤྲོད་རྒྱུའི་འཆར་གཞི་ཡོད་པ་རེད་ བོད་རང་སྐྱོང་ལྗོངས་ཀྱི་ཤེས་ཡོན་ལས་ཁུངས་ཀྱི་འགན་འཛིན་ སུང་ཧོ་ཕིང་གིས་མུ་མཐུད་བརྗོད་གསལ་ལ་ འདས་པའི་དུས་སུ་ རྒྱ་ནག་ནང་ འཛིན་རིམ་ ༡༢ བར་དུ་ སློབ་ཡོན་སྤྲོད་མི་དགོས་པར་ ཕྲུ་གུ་ཚང་མས་སློབ་གྲར་བསྐྱོད་དགོས་པ་གཏན་འབེབས་བྱས་ཀྱང་ད་ཆ་དུས་ཀྱི་འགྱུར་བར་བསྟུན་ཏེ་ ཕྲུ་གུ་ཚོ་སྔོན་འགྲོའི་སློབ་གྲར་བཏང་སྟེ་ཤེས་ཡོན་གྱི་རྩིག་རྨང་ཡག་པོ་ཞིག་གཏིང་རྒྱུ་ཡང་ མ་བྱས་ཐབས་མེད་ཆགས་འདུག་ཞེས་གསལ་བསྒྲགས་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་པོའི་ངོས་ནས་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎