རྒྱ་ནག་གིས་ཡུགས་མོ་ཞིག་ལ་དེ་འདྲའི་འཇིགས་སྣང་མི་བྱེད་པར་གློད་དགོས།

2018-05-11
གློག་འཕྲིན།
མཆན།
Share
པར་བཀོད།
ལིའུ་ཞོ་པོ་ཡི་དང་ཁོང་གི་སྐུ་ཟླ་ལིའུ་ཞཱ། ༼ཟླ་ཚེས་མི་གསལ
ལིའུ་ཞོ་པོ་ཡི་དང་ཁོང་གི་སྐུ་ཟླ་ལིའུ་ཞཱ། ༼ཟླ་ཚེས་མི་གསལ
དྲ་བཤུས།

ཧོང་ཀོང་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི ༢༤ས་ཞི་ཅིན་ཕིང་ལ་མཉམ་སྦྲེལ་ཕྱག་ཡིག་ཅིག་ཕུལ་ནས་ལྕམ་ལིའུ་ཞཱ་གློད་བཀྲོལ་གཏོང་དགོས་པའི་རེ་འདུན་བཏོན་འདུག
དེ་ཡང་འདི་ཚེས་༩་རེས་གཟའ་ལྷག་པའི་ཉིན། ཧོང་ཀོང་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི ༢༤ས་ཞི་ཅིན་ཕིང་ལ་མཉམ་སྦྲེལ་ཕྱག་ཡིག་ཕུལ་ནས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་འདས་པོ་ལིའུ་ཞོ་པའོ་ཡི་སྐུ་ཟླ་ལིའུ་ཞཱའི་འགྲོ་འདུག་སྤྱོད་གསུམ་དང་ཆ་འཕྲིན་ལ་ལྟ་རྟོག་རིགས་བྱ་རྒྱུ་མཚམས་བཞག་ནས་ཁོང་མོར་འགྲོ་འདུག་གི་རང་དབང་སྤྲོད་དགོས་ཞེས་འབོད་སྐུལ་ཞུས་འདུག་ལ། གལ་ཏེ་དེ་ལྟར་མ་གནང་ཚེ་ལྕམ་ལིའུ་ཞཱ་ཡི་བློ་བག་མི་བརྟན་པར་གྱུར་ནས་རང་སྲོག་རང་གཅོད་ཀྱི་དོན་རྐྱེན་འབྱུང་མི་སྲིད་པ་མིན་པའི་ཉེན་བརྡ་བཏང་འདུག
ཞི་ཅིན་ཕིང་ལ་ཕྱག་ཡིག་ཕུལ་བའི་འཐུས་མིའི་གྲས་སྐུ་ཞབས་ཀུའོ་ཇ་ཆི་ལགས་ཀྱིས་ཉེ་ལམ་ཕྱི་རུ་ཐོན་པའི་བརྙན་ཐུང་ཞིག་ཏུ། ལྕམ་ལིའུ་ཞཱ་ངུ་ཞོར་དུ་གལ་ཏེ་རྒྱ་ནག་ནས་ཐོན་མ་ཐུབ་ཚེ་འཆི་རྒྱུ་ཡིན་ཚུལ་བརྗོད་འདུག ཡིན་ན་ཡང་རྒྱ་ནག་གཞུང་གིས་མུ་མཐུད་ནས་ཁོང་མོར་ལྟ་སྐུལ་ནན་མོ་བྱས་ཡོད་པས་མི་ཚོས་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་ཅེས་བརྗོད་འདུག
དེ་མིན་ཡང་ཁོང་གིས་རྒྱ་ནག་གཞུང་གིས་ནུས་མེད་ཡུགས་ས་མ་ཞིག་ལ་དེ་འདྲའི་འཇིགས་སྣང་སྐྱེས་ནས་ཉིན་མཚན་དུས་དྲུག་ལ་ལྟ་རྟོག་བྱེད་དགོས་པའི་དགོས་པ་ཞིག་མཐོང་མ་སོང་། ཞི་ཅིན་ཕིང་གིས་ལྕམ་ལིའུ་ཞཱ་ལ་རང་དབང་སྤྲོད་རྒྱུའི་རེ་བ་ཡོད་ཅེས་བརྗོད་འདུག

གསར་འགོད་པ་སྟག་ལྷ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།