ཨོ་སོ་ཀྲོ་ལི་ཡའི་རྩེད་འགྲན་པ་མང་པོས་བོད་དོན་རྒྱབ་སྐྱོར་ཡོད་པ།

ཨོ་སོ་ཀྲོ་ལི་ཡའི་རྩེད་འགྲན་པ་ཁོངས་ནས་བརྒྱ་ཆ་སུམ་བཅུ་ཙམ་ནས་རྒྱ་མི་རིགས་བོད་ནས་ཕྱིར་ལོག་བྱེད་དགོས་པའི་བསམ་ཚུལ་ཤུགས་ཆེ་སྟོན་འདུག
2008-07-28
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎པེ་ཅིང་དུ་ཨོ་ལིམ་པིག་གི་རྩེད་འགྲན་ནང་འཛུལ་ཞུགས་གནང་མཁན་ཨོ་སོ་ཀྲོ་ལི་ཡའི་རྩེད་འགྲན་པ་ཁོངས་ནས་བརྒྱ་ཆ་༣༠ ཙམ་ནས་རྒྱ་མི་རིགས་བོད་ནས་ཕྱིར་ལོག་བྱེད་དགོས་པའི་བསམ་ཚུལ་ཤུགས་ཆེ་སྟོན་ཡོད་པ་རེད་

འདི་ལོ་བོད་ནང་གི་དོན་རྐྱེན་དེའི་ཁྲོད་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་གནད་དོན་དེས་བོད་ཀྱི་གནད་དོན་དེ་གལ་འགངས་ཆེན་པོའི་གནད་དོན་ཞིག་ཡིན་པ་འཛམ་གླིང་ནང་དོ་སྣང་བྱ་ཡུལ་ཞིག་ཆགས་ཡོད་པ་རེད་ ཨོ་སོ་ཀྲོ་ལི་ཡའི་འཐུས་མིའི་ཐོག་ནས་པེ་ཅིང་ཨོ་ལིམ་པིག་གི་རྩེད་འགྲན་ནང་འཛུལ་ཞུགས་གནང་མཁན་གྲས་སུ་ཡོད་པ་སྙན་གྲགས་ཆེ་བའི་ཨོ་སོ་ཀྲོ་ལི་ཡའི་ལུས་རྩལ་རྩེད་འགྲན་པ་ ཁ་ཌེལ་ཨེ་ལྦེན་སེ་ ཡིས་འདི་ལོ་སྦེལ་ཇིཡེམ་ནང་རྐང་འཁོར་འགྲན་བསྡུར་གྱི་རྩེད་འགྲན་ཞིག་ཐོག་བོད་རང་བཙན་ཞེས་འཁོད་པའི་སྟོད་གོས་གྱོན་ནས་འཛམ་གླིང་ཐོག་ནས་དོ་སྣང་བྱེད་ཡུལ་ཞིག་བཟོས་ཡོད་པ་རེད་ ཨེ་ལྦེན་སེ་ ཡིས་ཉེ་དུས་བསྐྱར་དུ་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་ཡོད་པའི་རྣམ་པ་སྟོན་ཆེད་ལུས་རྩལ་འགྲན་རྩེད་བྱེད་པའི་སྐབས་ཀྱི་སྒྲིག་ཆས་ཐོག་བོད་རང་བཙན་ཞེས་འཁོད་པའི་སྟོད་གོས་གྱོན་ནས་རྐང་འཁོར་རྩེད་འགྲན་ནང་མཉམ་ཞུགས་གནང་ཡོད་པ་རེད་

པེ་ཅིང་ཨོ་ལིམཔིག་གི་རྩེད་འགྲན་ཚོགས་ཆུང་ནས་རིང་མིན་པེ་ཅིང་ནང་སྐོངས་འཚོགས་བྱེད་རྒྱུའི་ཨོ་ལིམ་པིག་གི་རྩེད་འགྲན་སྐབས་ཆབ་སྲིད་དང་ཆོས་ཕྱོགས་ མི་རིགས་ཀྱི་བལྟ་བའི་ལས་འགུལ་སོགས་སྤེལ་མི་ཆོག་པའི་སྒྲིག་གཞི་དམ་དུ་བཏང་ཡོད་པ་རེད་ལ་ རྒྱ་ནག་གཞུང་ཕྱོགས་ནས་ཀྱང་པེ་ཅིང་ཨོ་ལིམ་པིག་གི་རྩེད་འགྲན་སྐབས་བོད་མིས་ལས་འགུལ་སྤེལ་བ་ལ་སོགས་པའི་གནད་དོན་ཐོག་བློ་འཚབ་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད་

མཆན། (0)
Share
དྲ་གནས་ཆ་ཚང༌།