རང་དབང་ཁང་པའི་༢༠༢༠་ལོའི་རང་དབང་གཟེངས་རྟགས་དེ་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་རྣམས་ལ་ཐོབ་ཡོད་པ།


2020.09.17
རང་དབང་ཁང་པའི་༢༠༢༠་ལོའི་རང་དབང་གཟེངས་རྟགས་དེ་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་རྣམས་ལ་ཐོབ་ཡོད་པ། རང་དབང་ཁང་པའི་༢༠༢༠་ལོའི་རང་དབང་གཟེངས་རྟགས་དེ་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་རྣམས་ལ་ཐོབ་ཡོད་པ།
ཨེ་ཨེཕ་པི།

འདི་ལོ་སྤྱི་ལོ་༢༠༢༠ ལོའི་རང་དབང་ཁང་པའི་རང་དབང་གཟེངས་རྟགས་བྱ་དགའ་དེ་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་རྣམས་ལ་ཐོབ་ཡོད་པ་དང་བཅས་ཧོང་ཀོང་མང་གཙོའི་ལས་འགུལ་སྣེ་འཁྲིད་མཁན་Nathan Lawགིས་འཛམ་གླིང་རྒྱལ་ཡོངས་ལ་རྒྱ་ནག་གི་བཙན་དབང་འགོག་ཐབས་སུ་གཞོགས་འདེགས་གནང་དགོས་པའི་འབོད་སྐུལ་གནང་འདུག
ཨ་མི་རི་ཁའི་ནང་རྟེན་གཞི་བྱས་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་རང་དབང་ཁང་པ་ཞེས་པས་དྲ་ཐོག་བརྒྱུད་དེ་སྤྱི་ལོ་༢༠༢༠ལོའི་རང་དབང་གཟེངས་རྟགས་ཀྱི་བྱ་དགའ་དེ་ཧོང་ཀོང་གི་རང་དབང་མང་གཙོའི་ལས་འགུལ་སྤེལ་མཁན་ཚོ་དང་། དེ་བཞིན་སུ་ཌན་གྱི་མང་གཙོའི་ལས་འགུལ་སྤེལ་མཁན་ཚོར་ཕུལ་བའི་མཛད་སྒོ་སྟབས་བདེ་ཞིག་གནང་ཡོད་པ་རེད།
ཧོང་ཀོང་ནང་ཆ་བཞག་ན་སྤྱི་ལོ་༡༩༩༧་ལོར་ཧོང་ཀོང་དབྱིན་ཇིས་རྒྱ་ནག་ལ་རྩིས་སྤྲད་ཟིན་པའི་རྗེས་ཧོང་ཀོང་ནང་རྒྱ་ནག་གི་དབང་ཤུགས་ཇེ་ཆེར་སོང་བའི་སྟབས་ཀྱིས། སྤྱི་ལོ་༢༠༡༤་ལོར་ཉི་གདུགས་ཀྱི་ལས་འགུལ་ཞེས་པའི་རང་དབང་མང་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་གྱི་ལས་འགུལ་དང་། དེ་ནས་རྒྱ་ནག་དམར་པོའི་གཞུང་གིས་ཧོང་ཀོང་ནང་རྒྱལ་ཡོངས་བདེ་འཇགས་ཁྲིམས་གཞི་ལག་བསྟར་བྱས་པར་བརྟེན་ཧོང་ཀོང་མང་གཙོ་དོན་གཉེར་བ་ཚོས་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ས་གནས་མང་གཙོའི་རང་དབང་ལ་བཙན་གནོན་བྱས་པར་གདོང་ལེན་གྱིས་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་བར་ཉེན་རྟོག་པའི་དྲག་གནོན་འོག་མང་གཙོའ་ལས་འགུལ་སྤེལ་མཁན་ནེ་ཐན་ལོའོ་ཞུ་བ་ཁོང་ཡང་ཧོང་ཀོང་ནས་ཕྱིར་ཐོན་བྱས་ཡོད་པ་རེད།
གཟེངས་རྟགས་བྱ་དགའ་གནང་མཁན་རང་དབང་ཁང་པའི་གཙོ་འཛིན་Micheal J. Abramowitz གིས་གསར་འགོད་གསལ་བསྒྲགས་ཐོག་གསུངས་པར་ཧོང་ཀོང་དང་སུ་ཌན། དེ་བཞིན་ཨི་རན། བྷེ་ལ་ར་སེ།   ཨ་མི་རི་ཁ་སོགས་ཚང་མའི་རང་དབང་མང་གཙོའི་འདོད་འདུན་ཆེད་དུ་ཧོང་ཀོང་དང་སུ་ཌན་སོགས་མང་གཙོ་དོན་གཉེར་ཅན་ཚོས་རང་དབང་ཐོབ་ཐང་ཆེད་དུ་འབད་བརྩོན་ཤུགས་ཆེ་གནང་བར་རྒྱབ་སྐྱོར་མཚོན་ཆེད་དུ་གཟེངས་རྟགས་ཀྱི་བྱ་དགའ་ཕུལ་ཡོད་པའི་སྐོར་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎