ཡོ་རོབ་གྲོས་ཚོགས་ནང་རྒྱ་ནག་ནང་གི་ཆོས་དད་རང་དབང་ཀྱི་གནད་དོན་སྐོར་ཚོགས་འདུ།

2019-01-25
གློག་འཕྲིན།
མཆན།
Share
པར་བཀོད།
ཡོ་རོབ་གྲོས་ཚོགས་ནང་རྒྱ་ནག་ནང་གི་ཆོས་དད་རང་དབང་ཀྱི་གནད་དོན་སྐོར་ཚོགས་འདུ་བསྐོངས་ཚོགས་སྐབས། ༢༠༡༩།༡།༢༣
ཡོ་རོབ་གྲོས་ཚོགས་ནང་རྒྱ་ནག་ནང་གི་ཆོས་དད་རང་དབང་ཀྱི་གནད་དོན་སྐོར་ཚོགས་འདུ་བསྐོངས་ཚོགས་སྐབས། ༢༠༡༩།༡།༢༣
tibet.net

ཡོ་རོབ་གྲོས་ཚོགས་ནང་རྒྱ་ནག་ནང་གི་ཆོས་དད་རང་དབང་ཀྱི་གནད་དོན་སྐོར་ཚོགས་འདུ་བསྐོངས་ཚོགས་སྐབས་བོད་དོན་གླེང་སློང་བྱས་ཡོད་འདུག
དེ་ཡང་ཚོགས་འདུ་བསྐོངས་ཚོགས་གནང་མཁན་གྲས་ཡོ་རོབ་གྲོས་ཚོགས་ཀྱི་(ECR) སྲིད་དོན་ཚོགས་པའི་འཐུས་མི་སྐུ་ཞབས་(Christian Dan Preda)མཆོག་གིས། རྒྱ་ནག་ནང་ཡེ་ཤུའི་ཆོས་ལུགས་དང་། བོད་ནང་ནང་ཆོས་སློབ་གཉེར་བྱེད་མཁན་ཚོའི་རང་དབང་ལ་རྡོག་རོལ་གཏོང་བཞིན་པའི་སྐོར་གསུངས་པ་དང་ཆབས་ཅིག སྔ་ལོར་གསེར་རྟ་བླ་རུང་སྒར་གཏོར་གཤིག་དང་འབྲེལ་ནས་ཡོ་རོབ་གྲོས་ཚོགས་ནས་ཛ་དྲག་གྲོས་ཆོད་བཞག་པ་དྲན་གསོ་གནང་ཞིང་།
སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ནས། ཨ་རིའི་རང་དབང་ཁང་པ་འམ་གཞུང་འབྲེལ་མ་ཡིན་པའི་རྟོག་ཞིབ་ལས་ཁུངས་ཀྱི་སྙན་ཐོ་བཏོན་པའི་ནང་བོད་འདི་བཞིན་སི་རི་ཡའི་རྗེས་སུ་འཛམ་གླིང་ནང་ནས་རང་དབང་གི་གནས་བབས་སྐྱོ་ཤོས་ཡོད་པའི་མངའ་ཁུལ་ཨང་གཉིས་པ་དེ་ཡིན་པ་བཀོད་པ་ལུང་འདྲེན་གྱིས། བོད་ནང་འགྲུལ་སྐྱོད་རང་དབང་ལ་དམ་དྲག་དང་ས་ཕྱོགས་གང་སར་སོ་ལྟ་བྱེད་མཁན་ཡོད་པ་སོགས་འདས་པའི་ལོ་ངོ་དྲུག་ཅུ་བར་རྒྱ་ནག་གཞུང་ནས་བོད་མི་ཚོའི་ཐོག་དྲག་གནོན་ཤུགས་ཆེ་བྱེད་བཞིན་པའི་གནས་སྟངས་རྣམས་ངོ་སྤྲོད་གནང་འདུག
དེ་མཚུངས་རྒྱ་ནག་ནང་གི་ཡེ་ཤུའི་ཆོས་ལུགས་ཀྱི་རང་དབང་དོན་གཉེར་བྱ་མཁན་ཨ་རིའི་ནང་ཡོད་པའི་རྒྱ་ནག་རོགས་སྐྱོར་ཞེས་པའི་ཚོགས་པའི་འགན་འཛིན་ཡེ་ཤུའི་ཆོས་པ་སྦཱོབ་ཧྥུ་ལགས་ཀྱིས་(Bob Fu) རྒྱ་ནག་ཁྱོན་ཡོངས་སུ་ཆོས་དད་རང་དབང་མེད་པའི་དཀའ་ངལ་རྣམས་གསལ་བཏོན་གནང་བ་དང་།
དེ་བཞིན་ཤར་ཏུར་ཀི་སན་ནམ་རྒྱ་ནག་གཞུང་ནས་ཞིན་ཅང་ཞེས་འབོད་པ་ནས་ཡིན་པ་ཨ་རིའི་ནང་བཅའ་སྡོད་སྐུ་ཞབས་ཨཱོ་མར་སྦེ་ཀ་ལི་(Omar Bekali) ལགས་ཀྱིས་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་བཙོན་བཅུག་བྱས་པའི་ནང་ཁྲོལ་ཚོང་བསྒྱུར་བྱེད་ཀྱི་ཡོད་པའི་བསྙོན་འཛུགས་གནང་པ་དང་།  ད་དུང་ཁོང་གིས་ཡུ་གུར་མི་རིགས་སྤྱི་དང་ལྷག་པར་དུ་བུད་མེད་ཚོ་ཐུག་ཏེ་རང་གི་ནང་མིའི་བདེ་འཇགས་སྲུང་སྐྱོབ་ཆེད་རྒྱ་ཧན་མི་རིགས་དང་གཉེན་སྒྲིག་བྱེད་དགོས་གྱུར་གྱི་ཡོད་པའི་གནས་སྟངས་གསལ་བཤད་གནང་འདུག

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།