དོན་འགྲུབ་དབང་ཆེན་ལགས་སུ་སྨྲ་བརྗོད་རང་དབང་གི་གཟེངས་རྟགས་འབུལ་རྒྱུ་རེད།

2018-05-25
གློག་འཕྲིན།
མཆན།
Share
པར་བཀོད།
འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་དང་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས། ༢༠༡༨།༢
འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་དང་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས། ༢༠༡༨།༢
lhuboom/RFA

རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོས་བཙུཊ་པའི་སྒྱུ་རྩལ་པའི་མཐུན་ཚོཊ་ཞིག་གིས་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་སུ་གཟེངས་རྟཊ་ཤིག་འབུལ་རྒྱུ་རེད་འདུག
དེ་ཡང་ཕྱི་ཟླ་༥པའི་ཚེས་༢༦ཉིན་གྱི་དགོང་དྲོར་ཨ་རིའི་ནུབ་བརྒྱུད་གྲོང་ཁྱེར་ལོསྀ་ཨེན་ཇེ་ལིསྀ་ནང་རྟེན་གཞིས་བྱས་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོས་བཙུགས་པའི་མཐོང་ཚོར་སྒྱུ་རྩལ་པའི་མཐུན་ཚོགས་ཀྱིས་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་དང་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་ལ་སྨྲ་བརྗོད་རང་དབང་གི་གཟེངས་རྟགས་ཞེས་པ་དེ་དངོས་སུ་འབུལ་རྒྱུ་ཡིན་འདུག
སྒྱུ་རྩལ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་འགོ་ཁྲིད་ཨན་ལའུ་ལགས་ཀྱིས་འདིའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བར། སྒྱུ་རྩལ་པའི་མཐུན་ཚོགས་ནས་དོན་འགྲུབ་དབང་ཆེན་ལགས་ལ་༢༠༡༣ལོར་སྨྲ་བརྗོད་རང་དབང་གི་གཟེངས་རྟགས་ཕུལ་ཡོད་ཀྱང་། དེ་དུས་ཁོང་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པས་དངོས་སུ་ཕེབས་ཐུབ་མེད། ད་ཆ་ཁོང་ཨ་རིར་ཕེབས་ཡོད་པས་ད་ཐེངས་ཀྱི་མཛད་སྒོར་དངོས་སུ་གདན་འདྲེན་ཞུས་ནས་ཁོང་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་དེ་འབུལ་གྱི་ཡོད་སྐོར་འགྲེལ་བརྗོད་གནང་ཡོད། དོན་འགྲུབ་དབང་ཆེན་ལགས་ཀྱིས། ད་ལམ་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོས་ངོས་ལ་བྱ་དགའ་དེ་གནང་རྒྱུ་འདི་ནི་རྒྱ་ནག་གཞུང་གིས་བཙན་གནོན་འོག་ཏུ་གནས་ཡོད་པའི་བོད་ནང་གི་བོད་མིའི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེད་མཚོན་པའི་རྒྱབ་སྐྱོར་གྱི་རྣམ་པ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།
མཐུན་ཚོགས་དེས་སྨྲ་བརྗོད་རང་དབང་གི་ཐོབ་ཐང་རྩོད་ལེན་བྱེད་མཁན་མི་སྣ་ཚོར་གཟེངས་རྟགས་འབུལ་སྲོལ་ཡོད་པ་ལྟར་རྒྱ་ནག་གཞུང་གིས་ལོ་ངོ་བཅུ་གསུམ་ལྷག་ཙམ་རིང་ལ་བཙོན་འཇུག་བྱས་པའི་དྲུག་བཞི་དམངས་གཙོ་ལས་འགུལ་བ་ཀྲང་ལི་ལགས་དང་། གཞན་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་འོག་ཏུ་ཡོད་པའི་སྤྱི་འབངས་ཀྱི་ཐོབ་ཐང་ཁྲིམས་རྩོད་པ་ཝང་ཆོན་ཀྲང་གི་བཟའ་ཟླ་ལི་ཝུའེ་ཀྲུ དེ་བཞིན་བོད་པའི་གློག་བརྙན་འཇིགས་བྲལ་བཟོ་སྐྲུན་མཁན་དང་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་སོགས་སུ་རེས་གཟའ་སྤེན་པའི་ཉིན་གྱི་དགོང་དྲོར་སྨྲ་བརྗོད་རང་དབང་གི་གཟེངས་རྟགས་འབུལ་ལམ་གྱི་མཛད་སྒོ་ཞིག་དྲུག་བཞི་དོན་རྐྱེན་སྲུང་བརྩི་ཐེངས་༢༩པ་དང་སྟབས་བསྟུན་ནས་གོ་སྒྲིག་བྱས་པ་ཞིག་ཡིན་འདུག

གསར་འགོད་པ་སྐལ་བཟང་སྒྲོལ་མ།

མཆན། (0)
Share
དྲ་གནས་ཆ་ཚང༌།