དཔལ་འབར་་བོད་ཀྱི་ས་ཐོག་ནས་སྐོར་བསྐྱོད་བྱ་རྒྱུ་ལ་ངོ་རྒོལ།

བོད་མི་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་ཚོས་དཔལ་འབར་བོད་ཀྱི་ས་ཐོག་ནས་སྐོར་བསྐྱོད་བྱ་རྒྱུ་ལ་ངོ་རྒོལ་གནང་འདུག

2008.04.21

༄༅༎བོད་མི་དང་རྒྱལ་སྤྱིིའི་བོད་དོན་རྒྱབ་སྐྱོར་གནང་མཁན་རྣམས་ཀྱིས་པེ་ཅིང་གི་ཨོ་ལིམ་པིཀ་དཔལ་འབར་དེ་བོད་ཀྱི་ས་ཐོག་ནས་སྐོར་བསྐྱོད་བྱ་རྒྱུ་དེ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད། དེ་ཡང་བོད་མི་དང་རྒྱལ་སྤྱིའི་བོད་དོན་རྒྱབ་བསྐྱོར་གནང་མཁན་རྣམས་ཀྱིས་ཉེ་ཆར་ཡང་བསྐྱར་བོད་ཀྱི་ཨ་མདོ་རེ་བསྐོང་ས་ཁུལ་དུ་བོད་མི་་ ༡༠༠་སྐོར་ཞིག་གིས་ཉེ་སྔོན་རྒྱ་ནག་གི་སྲུང་སྐྱོབ་མི་སྣས་འཛིན་བཟུང་བྱས་པའི་བོད་མི་རྣམས་གློད་འགྲོལ་ཡོང་རྒྱུར་རྔམ་སྟོན་ཁྲོམ་སྐོར་བྱས་སྐབས་ཁོང་རྣམས་འཛིན་བཟུང་དང་དོ་དམ་བཀག་ཉར་བྱས་པ་དང་བལ་པོའི་གཞུང་གིས་པེ་ཅིང་གི་དཔལ་འབར་དེ་འཆར་ཟླའི་ནང་ཇོ་མོ་གླང་མར་བསྐོར་བསྐྱོད་བྱེད་སྐབས་ངོ་རྒོལ་རྔམ་སྟོན་བྱེད་མཁན་ཐོག་མེ་མདའ་རྒྱབ་རྒྱུའི་ཉེན་བརྡ་བཏང་སྟབས་དཔལ་འབར་དེ་བོད་ནང་བསྐོར་བསྐྱོད་བྱ་རྒྱུ་དེ་མཚམས་འཇོག་གནང་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད། བོད་རང་བཙན་སློབ་ཕྲུག་ཚོཊ་པའི་རྒྱུན་ལས་འགན་འཛིན་བཀྲས་མཐོང་ལྷག་སྒྲོན་ལགས་ཀྱིས་རྒྱལ་སྤྱིའི་ཨོ་ལིམ་པིཀ་རྩེད་འགྲན་ཚོཊ་ཆུང་གིས་ཨོ་ལིམ་པིཀ་དཔལ་འབར་དེ་བོད་ཀྱི་དཀའ་རྙོག་ཆེ་བའི་ས་ཁུལ་ནང་འཁྱེར་རྒྱུའི་འཆར་གཞི་ཡོད་པ་རེད། བོད་ཀྱི་ས་ཐོག་དཔལ་འབར་བསྐོར་བསྐྱོད་དེར་དཀའ་རྙོག་མི་ཡོང་རྒྱུའི་ཆེད་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱེད་རྒྱུའི་ཁས་ལེན་བྱས་ཡོད་པ་རེད་ཅེས་དང་། དཔལ་འབར་བོད་ཀྱི་ས་ཐོག་འཁྱེར་རྒྱུ་དེ་འགན་ལེན་རྟིལ་འབྲུ་ཙམ་ཡང་མི་བྱེད་པའི་བྱ་བ་ཞིག་ཆགས་ཀྱི་ཡོད་པ་རེད། རྒྱལ་སྤྱིའི་རྩེད་འགྲན་ཚོགས་ཆུང་གིས་དཔལ་འབར་དེ་བོད་ཀྱི་ས་ཐོག་ནས་འཁྱེར་རྒྱུའི་འཆར་གཞི་དེ་མེད་པ་བཟོས་ན་ཐབས་ལམ་བཟང་པོ་ཞིག་རེད་ཅེས་གསུངས་འདུག དེ་བཞིན་རེ་གཟའ་ཉི་མའི་ཉིན་བལ་ཡུལ་གཞུང་གིས་འཆར་ཟླའི་ནང་ཨོ་ལིམ་པིཀ་དཔལ་འབར་དེ་ཇོ་མོ་གྲང་མའི་རི་རྩེར་འཁྱེར་སྐབས་དེར་ངོ་རྒོལ་བྱེད་མཁན་ཐོག་མེ་མདའ་རྒྱབ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎