ར་ཤི་ཡ་བོད་དོན་རྒྱབ་སྐྱོར་ཚོཌ་པས་རྒྱའི་གཞུང་ཚབ་ལ་ཞུ་གཏུཌ།

ར་ཤེ་ཡའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་ནག་གཞུང་ཚབ་བརྒྱུད་བོད་ནང་གི་གནས་སྟངས་ཛ་དྲག་སྐོར་ཐུགས་འཚབ་ཡོད་པའི་སྐོར།

2011.10.27

༄༅༎ར་ཤེ་ཡའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་ནག་གཞུང་ཚབ་བརྒྱུད་བོད་ནང་གི་གནས་སྟངས་ཛ་དྲག་སྐོར་ཐུགས་འཚབ་ཡོད་པའི་སྐོར་ཞུས་གནང་ཡོད་འདུག
ད་བར་བོད་ནང་བོད་མི་སྐྱ་སེར་གཞོན་སྐྱེས་བཅུ་ཙམ་ནས་རྒྱ་ནག་གཞུང་གི་སྲིད་བྱུས་འཛིན་སྟངས་ལ་འུ་ཐུག་ནས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་གཅིག་མཇུག་གཉིས་མཐུད་ཀྱི་ཡོང་བཞིན་ཡོད་པ་དེ་དག་འཕྲལ་དུ་མཚམས་འཇོག་ཡོང་ཐབས་སུ་བཙན་བྱོལ་དུ་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ལས་འགུལ་འདྲ་མིན་སྤེལ་དང་སྤེལ་བཞིན་ཡོད་པ་རེད། དེ་ཡང་ར་ཤེ་ཡའི་གྲོང་ཁྱེར་པི་ཀྲར་སེ་བྷག་ནང་། བོད་ཀྱི་གྲོགས་པོ་ཚོགས་པ་ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཐོག་ནས་ཀྱང་ཁུལ་དེར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དུ་ཞུ་སྙན་ཞིག་ཕུལ་ཡོད་འདུག ཞུ་སྙན་དེའི་ནང་། ད་ལྟ་རྒྱ་ནག་གཞུང་ནས་བོད་ནང་གི་བོད་མི་ཚོའི་ཐོག་དྲག་གནོན་བྱེད་བཞིན་པ་དེ་དག་འཕྲལ་དུ་མཚམས་འཇོག་དགོས་པ་དང་། བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་པ། ཡང་ཕྱི་ལོ་ ༡༩༤༩ ལོ་ནས་བཟུང་རྒྱ་ནག་གཞུང་ནས་བོད་ནང་མི་རིགས་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱས་པ་དེར་ངོས་ལེན་བྱེད་པའི་ཐོག་ནས་བོད་མི་རྣམས་ལ་རང་སྲིད་རང་སྐྱོང་གི་དོན་དམ་པའི་ཐོབ་ཐང་སྤྲོད་དགོས་ལུགས་སོགས་འབོད་སྐུལ་ཞུས་ཡོད་འདུག ར་ཤེ་ཡའི་ནང་བོད་ཀྱི་གྲོགས་པོ་ཚོགས་པ་ཞེས་པ་དེ་ནི་ཕྱི་ལོ་ ༡༩༩༣ ལོར་བཙུགས་པ་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎