གནས་མཆོག་རྡོ་རྗེ་གདན་ལ་འབར་རྫས་འཇོག་མཁན་གྱི་དོགས་ཡོད་མི་སྣ་འཛིན་བཟུང་།


2018.06.19
གནས་མཆོག་རྡོ་རྗེ་གདན་གྱི་སྐོར་སྲུང་བ། ༢༠༡༨།༡ གནས་མཆོག་རྡོ་རྗེ་གདན་གྱི་སྐོར་སྲུང་བ། ༢༠༡༨།༡
པར་ཚགས།

འདི་ལོ་ནང་པའི་གནས་ཆེན་གནས་མཆོག་རྡོ་རྗེ་གདན་ལ་འབར་རྫས་འཇོག་མཁན་གྱི་དོགས་ཡོད་མི་སྣ་དྲུག་པ་ཞིག་འཛིན་བཟུང་བྱས་འདུག
འདི་ལོ་ཕྱི་ཟླ་ ༡ ཚེས་ ༡༩ ཉིན་སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་རྒྱ་གར་རྡོ་རྗེ་གདན་དུ་འབར་རྫས་ཐོར་བའི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་མི་དྲུག་པ་ཞིག་འཛིན་བཟུང་བྱས་ཡོད་པ་དང་། དེ་ནི་རྒྱ་གར་ཤར་ཕྱོཊ་ཀྱི་གྲོང་ཁྱེར་ཆེན་མོ་ཀོལ་ཀ་ཏ་(Kolkata)ས་གནས་ཉེན་སྲུང་མི་སྣས་རང་ལོ་༥༧ལ་སླེབས་པའི་ཧ་ཛི་བྭུ་ལ་(Hazibulla)ཞེས་པ་དེ་ཧུགྷ་ལི་(Hoogly)ས་གནས་ཀྱི་བྭནྡེལ་(Bendel)ཞེས་པའི་རི་ལིའི་འབབ་ཚུགས་སུ་འཛིན་བཟུང་བྱས་ཡོད་པ་རྒྱ་གར་གྱི་བརྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་འདུག་ཅིང་། དེའི་ནང་མི་དེ་་མུ་ཤི་དྷ་སྦཱདྷ་(Mushidabad) གྲོང་ཁྱེར་གྱི་ སམ་ཤེར་གྷནཇ་(Samsherganj)ཞེས་པའི་ས་གནས་ནས་ཡིན་འདུག
ཕྱི་ཟླ་ ༡ ཚེས་༡༩གྱི་མཚན་མོར་རྡོ་རྗེ་གདན་དུ་འབར་རྫས་གས་ཐོར་གྱི་དོན་རྐྱེན་དེ་བྱུང་བའི་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ས་གནས་སུ་ཞུགས་བཞག་མཛད་མུས་དང་ཉིན་ལྟར་ཆོས་འབྲེལ་བསྐྱང་བཞིན་པའི་སྐབས་ཡིན་པར་བརྟེན།  རྒྱ་གར་དབུས་དང་ས་གནས་གཞུང་གིས་བསྐོར་བྱ་བའི་ལས་དོན་གྱི་གནས་ཚད་སྤར་བ་དང་། གས་ཐོར་མ་བྱུང་བའི་འབར་རྫས་ཆུང་ཁག་གཉིས་སྐོར་སྲུང་བས་ནུས་མེད་བཟོ་ཐུབ་པ་བྱུང་ཡོད་པ་རེད།
སུ་བྱུང་བའི་འབར་རྗས་གས་གཏོར་གྱི་དོན་རྐྱེན་དང་འབྲེལ་བའི་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པའི་མི་སྣ་དྲུག་པ་དེ་ཡིན་འདུག སྐབས་དེར་ནུས་པ་ཆུང་བའི་འབར་རྫས་དེ་གཉིས་ཉེན་སྲུང་མི་སྣས་ནུས་མེད་བཟོས་ཐུབ་ཡོད་པ་རེད།
འབར་རྫས་སྦས་མཁན་དེ་དག་ནི་རྡོ་རྗེ་གདན་ཁུལ་ཡོད་པའི་  ཇ་མཱཏ་ ཨུལ་ མུ་ཇ་ཧུ་དྷིན་བྷང་ལ་དྷེ་ཤེ  (Jammat-Ul-Mujahudden Bangladesh)ཞེས་པའི་བྷང་ལ་དྷེ་ཤིའི་དྲག་སྤྱོད་སྒྲིག་འཛུགས་ཀྱིས་ལྐོག་བཤམ་བྱས་པ་ཡིན་པར་ངོས་འཛིན་བྱེད་བཞིན་པ་རེད།

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎