རྒྱལ་སྤྱིའི་དགེ་ལུགས་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོགས་བཞིན་པ།
2015.06.23
བཞུཊ་སྒར་དུ་རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་རི་བོ་དགེ་ལུགས་པའི་ཚོགས་ཆེན་ཐེངས་དང་པོ་དབུ་ཚུཊ་གནང་བ།
དེ་ཡང་བཞུགས་སྒར་རྡ་རམ་ས་ལར་དགེ་ལུགས་ཡོངས་ཀྱི་༧རྒྱལ་བའི་བརྟན་ཞུགས་དང་། བཀའ་དྲིན་རྗེས་དྲན་ཚོགས་ཆུང་གིས་གོ་བསྒྲིགས་འོག་རྒྱལ་སྤྱིའི་དགེ་ལུགས་ཀྱི་ཚོགས་ཆེན་ཐེངས་དང་པོ་ཞེས་པ་དེ་དབུ་ཚུགས་གནང་འདུག་ཅིང་། འདི་ནི་གཙོ་བོ་ལོ་གཅིག་འཁོར་མོའི་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ལས་རིམ་གྱི་ཐོག་མ་དེ་ཡིན་པ་རེད། ད་རེས་ཀྱི་ཚོགས་ཆེན་ཐོག་༧སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་དང་། ཤར་བྱང་ཆོས་རྗེ་རྣམ་གཉིས་དབུས། གདན་ས་ཆེན་པོ་སེར་འབྲས་དགའ་གསུམ་སོགས་ཀྱི་དགེ་ལུགས་པའི་དགོན་པ་མང་ཆེ་བའི་མཁན་ལས་ཟུར་དང་བླ་སྤྲུལ་དགེ་བཤེས་སོགས་མང་དག་ཅིག་ཚོགས་འདུར་ཆེད་ཕེབས་གནང་ཡོད་པ་རེད།
ཐེངས་འདིའི་ཚོགས་ཆེན་ཐོག་གི་གྲོས་གཞི་གཙོ་བོ་ཞིག་ནི་རི་བོ་དགེ་ལུགས་པ་སྤྱིའི་སྒྲིག་འཛུགས་ཚག་ཚུད་ཡོང་ཐབས་གནང་རྒྱུ་དེ་ཡིན་པ་ཚོགས་འདུའི་གོ་བསྒྲིགས་པ་དང་། དགའ་ལྡན་ཁྲི་རིན་པོ་ཆེ། དེ་བཞིན་ཤར་བྱང་ཆོས་རྗེ་རྣམ་གཉིས་ནས་ཀྱང་ནན་ཏན་གྱིས་བཀའ་སློབ་ཕེབས་ཡོད་པ་རེད།
ཚོགས་འདུའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་ཐོག་གསུང་བཤད་ཀྱང་གནང་འདུག
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།