རྒྱ་ནག་གི་སྲིད་བློན་ལྦུན་ལ་ལྷམ་དབྱུག་མཁན་ལ་ཁྲིམས་ཞིབ།

རྒྱ་ནག་གི་སྲིད་བློན་ཐོག་སློབ་ཕྲུག་གཅིག་གིས་ལྷམ་དབྱུག་པའི་གྱོད་དོན་ཐོག་ཁེམ་སྦི་རིཇ་ས་གནས་ཁྲིམས་ཁང་ནས་ཁྲིམས་ཞིབ་བྱེད་འགོ་ཚུགས།

2009-06-01
Share

༄༅༎ཉེ་དུས་རྒྱ་ནག་གི་སྲིད་བློན་ལྦུན་ཅའ་བའོ་དབྱིན་ཡུལ་ནང་འཚམས་གཟིགས་སུ་ཕེབས་ནས་དབྱིན་ཇིའི་ཁེམ་སྦི་རིཇ་མཐོ་སློབ་ཁང་ནང་གསུང་བཤད་གནང་སྐབས་གཤམ་འོག་ནས་སློབ་ཕྲུག་ཅིག་གིས་སྡིང་ཆའི་སྟེང་གསུང་བཤད་གནང་བཞིན་པའི་རྒྱ་ནག་གི་སྲིད་བློན་ཐོག་ལྷམ་དབྱུག་པའི་གྱོད་དོན་ཐོག་ཁེམ་སྦི་རིཇ་ས་གནས་ཁྲིམས་ཁང་ནས་ཁྲིམས་ཞིབ་བྱེད་འགོ་ཚུགས་ཡོད་འདུག

རྒྱ་ནག་གི་སྲིད་བློན་ཐོག་ལྷམ་དབྱུགས་མཁན་གྱི་སློབ་མ་རང་ལོ་ཉི་ཤུ་རྩ་བདུན་ལ་སླེབས་པ་མའར་ཊིན་ཇའན་ཀེ་ནི་མཐོ་སློབ་ཁང་དེའི་ནང་ཚན་རིག་ཞིབ་འཇུག་སློབ་མ་ཡིན་ཞིང་ཁོང་གིས་རྒྱ་ནག་གི་སྲིད་བློན་སློབ་གྲྭ་དེའི་ནང་གསུང་བཤད་གནང་རིང་སྡིང་ཆའི་སྟེང་ལྷམ་དབྱུགས་པའི་གྱདོ་དོན་ལ་ཁྲིམས་ཞིབ་བྱེད་ཀྱི་ཡོད་པ་རེད། ཞིབ་དཔྱོད་པས་ཁྲིམས་ལུགས་ལྟར་ན་སློབ་ཕྲུག་ཇའན་ཀེ་ཡིས་རྒོལ་རྡུང་དང་ཉེན་བརྡ་འམ་སྡུག་བསྔལ་བཟོས་པའི་ནག་ཉེས་ཕོག་སྲིད་ལུགས་གྱོད་བཙུགས་ཁྲིམས་རྩོད་པས་གསུངས་འདུག ཡིན་ནའི་སློབ་ཕྲུག་ཁོང་གིས་ཉེས་བཙུགས་དེ་དག་ལ་ཁས་ལེན་བྱེད་ཀྱི་མེད་པ་རེད། གལ་སྲིད་སློབ་ཕྲུག་དེས་རྒྱ་ནག་གི་སྲིད་བློན་ཐོག་ལྷམ་དབྱུགས་པའི་བྱ་སྤྱོད་ཐོག་ཞིབ་སྤྱོད་པས་གྱོད་བཙུགས་བྱས་པ་བཞིན་ཁྲིམས་ཐོག་ནས་ནག་ཉེས་ཡོད་པ་ཁུངས་སྐྱེལ་ར་འཕྲོད་བྱུང་ཚེ་སློབ་ཕྲུག་དེར་ཁྲིམས་ཐོག་ནས་ཟླ་བ་དྲུག་ཙམ་བཙོན་འཇུག་དང་ཨ་སྒོར་བདུན་སྟོང་བཞི་བརྒྱའི་མ་དངུལ་གྱི་ཆད་པ་གཏོང་རྒྱུ་ཡིན་པ་རེད། རྒྱ་ནག་གི་སྲིད་བློན་ད་ལོ་ཕྱི་ཟླ་གཉིས་པའི་ནང་ཡོ་རོབ་ཡུལ་གྲུ་ཁག་ནང་འཚམས་གཟིགས་སུ་ཕེབས་པའི་རིང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ།ཡུ་གུར་དང་རྒྱ་ནག་དམངས་གཙོ་དོན་གཉེར་བ་དང་ཐའེ་ལྦན་མི་རིགས་སོགས་ཀྱིས་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་སྤེལ་ཡོད་པ་དང་དབྱིན་ཇིའི་ཁེམ་སྦི་རིཇ་མཐོ་སློབ་ཁང་དུ་གསུང་བཤད་གནང་བར་ཕེབས་པའི་སྐབས་ལ་ཡང་ངོ་རྒོལ་གྱི་རྣམ་འགྱུར་བཏོན་མཁན་གོང་ཞུས་གསུང་བཤད་གནང་སའི་སྡིང་ཆའི་སྟེང་ལྷམ་དབྱུགས་མཁན་གྱི་སློབ་ཕྲུག་ཇའན་ཀེ་གཅིག་པུ་མིན་པར་དེ་མིན་སློབ་ཕྲུག་མི་ཉུང་བ་ཞིག་གིས་ཀྱང་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།