རྒྱ་ནག་ནང་གོ་ལའི་དཔལ་འབྱོར་གླེང་སྟེགས་དང་མཉམ་དམ་དྲག་ཇེ་ཆེར་བཏང་འདུག
2017.12.08
རྒྱ་ནག་ནང་གོ་ལའི་དཔལ་འབྱོར་གླེང་སྟེགས་ཟེར་བ་ཚོགས་པ་དང་མཉམ་ས་གནས་སུ་དམ་དྲག་ཇེ་ཆེར་བཏང་ནས་མང་པོ་གནས་སྐབས་རྒྱང་ཕུད་བཏང་འདུག
རྒྱ་ནག་ཀོང་ཀྲོའུ་(Guangzhou)་ནང་གོ་ལའི་དཔལ་འབྱོར་གླེང་སྟེགས་ཟེར་བའི་ལྷན་ཚོགས་འདུས་པའི་སྐབས་ས་གནས་སུ་དོ་དམ་ཤུགས་ཆེ་བྱེད་བཞིན་པ་མ་ཟད། རྒྱ་ནག་གཞུང་དང་ལངས་ཕྱོགས་མི་མཐུན་པའི་མི་སྣ་མང་པོ་ཞིག་ས་གནས་ནས་གནས་སྐབས་རིང་ཁ་བྲལ་དུ་བཅུག་ཡོད་འདུག
རྒྱལ་སྤྱིའི་ཐོག་གི་སྟོབས་ཆེན་ཁེ་ལས་ཁག་ ༡༥༠ ་ཙམ་ལྷན་འཛོམས་ཡོད་པའི་གོ་ལའི་དཔལ་འབྱོར་གླེང་སྟེངས་ཟེར་བའི་ལྷན་ཚོགས་དེ་བཞིན་ཕྱི་ཚེས་ ༦ ་ཉིན་ཀོང་ཀྲོའུ་(Guangzhou Haizhu)་ཁུལ་དུ་ཡོད་པའི་གསོལ་མགྲོན་ཁང་ཞིག་ཏུ་འགོ་འཛུགས་བྱས་ཡོད་པ་དང་བསྟུན། ས་གནས་སུ་ཉེན་རྟོག་བདེ་འཇག་མི་སྣ་མངོན་གསལ་དོད་པོས་ཇེ་མང་དུ་སོང་ཡོད་པ་མ་ཟད། རྒྱ་ནག་གཞུང་དང་ལངས་ཕྱོགས་མི་གཅིག་པའི་མི་སྣ་ཁག་གཅིག་གཞུང་གི་གནོན་ཤུགས་འོག་གནས་སྐབས་ས་གནས་ནས་ཁ་བྲལ་དུ་བཅུག་ཡོད་པ་རེད།
ལྷན་ཚོགས་དེ་ཚོགས་སའི་གསོལ་མགྲོན་ཁང་གི་ལས་བྱེད་ཞིག་ནས་ཕྱི་ཚེས་ ༧ ་ཉིན་འདི་གའི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པར་བརྗོད་ན། གསོལ་མགྲོན་ཁང་དེས་ཕྱི་ཚེས་ ༩ ་བར་ཕྱི་ནས་ཡོང་བའི་འགྲུལ་པར་སྣེ་ལེན་བྱེད་ཀྱི་མེད་སྐོར་འགྲེལ་བརྗོད་བྱས་འདུག
ཡང་(Haizhu)་ ཁུལ་དུ་ཡོད་པའི་ཐོབ་ཐང་དོན་གཉེར་བ་ (Shao shen)་ ཆེད་དུ་གོ་ལའི་དཔལ་འབྱོར་གླེང་སྟེགས་ཟེར་བའི་ལྷན་ཚོགས་ཚོགས་སའི་གསོལ་མགྲོན་ཁང་དེའི་ཉེ་འཁྲིས་སུ་བསྐྱོད་སྐབས་སྲང་ལམ་གང་སར་ཉེན་རྟོག་དམག་མི་སོགས་ནས་སྐོར་བསྐྱོད་བྱེད་བཞིན་པ་སོགས་ས་གནས་སུ་མངོན་གསལ་དོད་པས་དོ་དམ་བྱེད་བཞིན་ཡོད་སྐོར་བརྗོད་འདུག
དེ་བཞིན་ཡང་ (Guangzhou) ནང་ཡོད་པའི་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་མང་པོ་ཞིག་ལ་རྒྱ་ནག་གཞུང་གིས་གནོད་ཤུགས་འོག་རྒྱང་བསྐྱོད་སོགས་སུ་འགྲོ་དགོས་སྐོར་བརྗོད་དེ་ས་གནས་ནས་ཁ་བྲལ་དུ་བཅུག་པ་རེད་འདུག
གསར་འགོད་པ་བསོད་ནམས་ལྷ་མོ།