རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཕྱིར་འགྱངས་བྱས་འདུག


2018.03.23
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་༦ པའི་སྐབས། ༢༠༡༢ རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་༦ པའི་སྐབས། ༢༠༡༢
chungtse.blogspot.com

རྒྱ་གར་གྱི་རྒྱལ་ས་ལྡ་ལིར་འཛམ་གླིང་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་༧ པ་འཚོག་འཆར་ཡོད་པ་དེ་ཕྱིར་འགྱངས་བྱས་འདུག
དེ་ཡང་འདི་ལོའི་ཕྱི་ཟླ་༤ པའི་ཚེས་༢༦ ནས་༢༨ བར་ཉིན་གསུམ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་འཛམ་གླིང་རྒྱལ་ཁབ་ཁག་གི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་༧ པ་འཚོག་འཆར་ཡོད་པ་དེ་ཕྱིར་འགྱངས་བྱས་ཡོད་ཅིང་། ཕྱིར་འགྱངས་བྱ་དགོས་དོན་གཙོ་བོ་ནི། མི་རིང་བར་རྒྱ་དཀར་ནག་གཉིས་ཀྱི་མཐོ་རིམ་དཔོན་རིགས་ཁག་ཅིག་ཐུག་འཕྲད་བྱ་རྒྱུ་ཡིན་སྟབས། ཕྱོགས་གཉིས་ཕན་ཚུན་གྱི་འབྲེལ་ལམ་ཐད་ད་ལྟ་ཧ་ཅང་ཚོར་བ་རྣོ་པོ་ཆགས་ཡོད་པས་ཡིན་སྐོར་རྒྱ་གར་གྱི་གསར་འགྱུར་ལས་ཁང་(The Hindu) ཞེས་པའི་ཚགས་པར་ནང་ཞེས་པས་གནས་ཚུལ་སྤེལ་འདུག
ལྷན་ཚོགས་དེ་གོ་སྒྲིག་གནང་མཁན་གྱི་གྲས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། བྷེ་ཇི་པེའི་གྲོས་ཚོགས་འཐུས་མི་ཟུར་པ་ཤཱན་ཏ་ཀུ་མར་གྱིས་“རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་འཚོག་རྒྱུ་དེ་ཕྱིར་འགྱངས་བྱས་ཡོད་པ་ར་འཕྲོད་གནང་ཡོད་འདུག
གནད་དོན་དེ་རྒྱུས་མངའ་ཡོད་མཁན་རྒྱ་གར་གྱི་མཐོ་རིམ་དཔོན་རིགས་ཤིག་གིས། འདི་ནི་ཉེ་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་༧གོང་ས་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་གྱི་མཛད་སྒོ་འཚོག་འཆར་ཡོད་པ་དེ་ཕྱིར་འཐེན་བྱས་པ་དང་རྒྱུ་མཚན་གཅིག་འཚུངས་ཡིན་པའི་སྐོར་བརྗོད་ཡོད་འདུག
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་༦ པ་དེ་ཕྱི་ལོ་༢༠༡༢ ལོར་ཁེ་ན་ཌར་འཚོགས་ཡོད་པ་དང་། སྐབས་དེར་རྒྱལ་ཁབ་༣༠ ཡི་གྲོས་ཚོགས་འཐུས་མི་༥༠ ལྷག་འཛོམས་ཡོད་པ་རེད།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎