རྒྱལ་ཡུམ་ཆེན་མོ་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་༢༥་པ།

2019-05-30
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱལ་ཡུམ་ཆེན་མོ་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་༢༥་པ།
རྒྱལ་ཡུམ་ཆེན་མོ་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་༢༥་པ།
RFA

རྒྱལ་ཡུམ་ཆེན་མོ་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་༢༥་བའི་ནང་རུ་ཁག་༢༣ མཉམ་བཞུགས་བྱ་རྒྱུ་ཡིན་འདུག
བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་ལོ་ལྟར་རྒྱལ་ཡུམ་ཆེན་མོ་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གོ་སྒྲིག་ཞུ་བཞིན་ཡོད་པ་ལྟར། འདི་ལོར་རྩེད་འགྲན་ཐེངས་༢༥ པ་དེ་བཞུགས་སྒར་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་༢༠༡༩ ཟླ་༥་བའི་ཚེས་༣༡་ཉིན་ནས་འགོ་འཛུགས་བྱ་རྒྱུ་ཡིན་འདུག་ཅིང་།  ཐེངས་འདིའི་འགྲན་བསྡུར་ནང་རྒྱ་གར་གཙོ་བོར་གྱུར་བའི་ཨ་རི་དང་། དབྱིན་ལན་སོགས་བོད་མིའི་འདུས་སྡོད་ས་གནས་ཁག་ནས་རུ་ཁག་༢༣ འཛུལ་བཞུགས་བྱས་ཡོད་པ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་པ་སངས་རྡོ་རྗེ་ལགས་ཀྱིས་གསུངས་འདུག
ཕྱི་ཚེས་ ༣༠ ཉིན་གྱི་རྩེད་འགྲན་དང་པོ་དེ་སྔ་ལོ་རྒྱལ་ཁ་ཐོབ་མཁན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་ཀྱི་རུ་ཁག་དང་རྡ་སའི་རུ་ཁག་དབར་བྱེད་རྒྱུ་ཡིན་འདུག་ཅིང་། རྩེད་འགྲན་སྐབས་ཉིན་རེར་ཕྱག་འཁྱེར་དོད་ཧིན་སྒོར་བརྒྱ་རེ་ཡིན་པ་དང་། རུ་ཁག་༢༣་དབར་ཕན་ཚུན་འགྲན་བསྡུར་བྱེད་རྗེས་མཐའ་མའི་འགྲན་བསྡུར་དེ་ཟླ་༦་པའི་ཚེས་༡༠་ཉིན་བྱ་རྒྱུ་རེད་འདུག  མཐའ་མའི་རྒྱལ་ཁ་ཐོབ་མཁན་ལ་བྱ་དགའ་ཧིན་སྒོར་འབུམ་གཅིག་དང་སྟོང་ཕྲག་ཉི་ཤུ་དང་། ཨང་གཉིས་པར་འབུམ་གཅིག་གནང་རྒྱུ་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།