མགོ་ལོག་ཕྱོགས་སུ་རྒྱ་ནག་གིས་ནག་ཚོགས་ངན་སེལ་ཞེས་བའི་སྲིད་ཇུས་ལག་བསྟར།

2019-05-22
གློག་འཕྲིན།
མཆན།
Share
པར་བཀོད།
མགོ་ལོག་དགའ་བདེ་ཕྱོགས་ཀྱི་ས་ཁྲ
མགོ་ལོག་དགའ་བདེ་ཕྱོགས་ཀྱི་ས་ཁྲ
RFA

བོད་ནང་གི་མགོ་ལོག་ཕྱོགས་སུ་རྒྱ་ནག་གིས་ནག་ཚོགས་ངན་སེལ་དང་ནག་སེལ་གཤེད་བཅོམ་ཞེས་བའི་སྲིད་ཇུས་ཤིག་ལག་བསྟར་བྱེད་བཞིན་ཡོད་པ་དེ་ཆབ་སྲིད་དམ་དྲག་ཆེད་བེད་སྤྱོད་བྱེད་སྲིད་རྒྱུར་སེམས་འཚབ་བྱེད་བཞིན་འདུག
དེང་སྐབས་བོད་ནང་རྒྱ་ནག་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་མངའ་ཁོངས་ཀྱི་རྫོང་ཁག་ཡོངས་སུ་རྒྱ་ནག་གིས་ནག་ཚོགས་ངན་སེལ་དང་ཡང་ན་ནག་སེལ་གཤེད་བཅོམ་ཞེས་བའི་སྲིད་ཇུས་ཤིག་ལག་བསྟར་བྱེད་བཞིན་པའི་སྐོར་ལ་བོད་ནང་གི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་འགྲེལ་བརྗོད་བྱས་ཡོད་པ་རེད།
གནས་ཚུལ་འབྱུང་ཁུངས་དེས་བརྗོད་ན། ཟླ་བ་འདིའི་ཚེས་འགོ་ནས་བཟུང་མགོ་ལོག་ཁུལ་གྱི་མངའ་ཁོངས་ཀྱི་རྫོང་ཁག་སོ་སོར་རྒྱལ་ཁབ་ཀྱིས་ནག་ཚོགས་ངན་སེལ་ཞེས་བའི་སྲིད་ཇུས་ཤིག་ལག་བསྟར་གྱིས་མང་ཚོགས་ནང་ཁྲིམས་དང་མི་མཐུན་པའི་རྒྱན་འཇོག་པ་དང་ཤོ་རྒྱག་པ། ཚོགས་པ་བཙུགས་ནས་མང་ཚོགས་ཀྱི་ལག་ནས་དཔལ་འབྱོར་ལེན་པ་སོགས་འཛིན་བཟུང་བྱ་རྒྱུ་ཡིན་འདུག་ཅིང་།  ད་དུང་སྲིད་ཇུས་དེ་ལ་ཁ་གཡར་ནས་རྒྱལ་ཁབ་ལ་མི་དགའ་བ་དང་། ཡང་ན་དེ་སྔ་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་སྤེལ་མྱོང་མཁན་དང་དོགས་གཞི་ཡོད་མཁན་རིགས་ལ་ཡང་སུན་གཙེར་དང་རྟོག་ཞིབ་དོ་ནན་བྱེད་བཞིན་ཡོད་འདུག་པར་མ་ཟད་ད་དུང་མང་ཚོགས་ནང་མི་གྲངས་བཅུ་ཡན་གྱི་ཚོགས་པ་འཛུགས་དགོས་ན་ཐོག་མར་ས་གནས་ཡུལ་ཚོ་དང་རྫོང་བཅས་སོགས་སུ་སྙན་ཞུ་ཕུལ་ནས་ཐོ་འགོད་དང་ཆོག་མཆན་ཞུ་དགོས་བའི་བཀའ་རྒྱ་གཏོང་བཞིན་ཡོད་འདུག  ད་དུང་དོ་དམ་བྱེད་པའི་ལས་འགུལ་དེའི་འོག།  བརྡ་འཕྲིན་བརྒྱུད་ནས་མ་ཀའོ་དང་ཧོང་ཀོང་། བོད་དང་རྒྱ་ནག་གི་སྐོར་གྱི་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་རིགས་བརྒྱུད་བསྐུར་བྱེད་མི་ཆོག་པ་དང་། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ནས་ཡོང་བའི་མི་ལ་ཁ་བརྡ་བྱེད་མི་རུ་བ། ཁོང་ཚོའི་དྲི་བར་ལན་འདེབས་བྱེད་མི་རུ་བ་སོགས་བརྒྱུད་བསྒྲགས་ནན་པོ་བྱེད་བཞིན་ཡོད་འདུག
ཡང་མགོ་ལོག་ཕྱོགས་ཀྱི་མགོ་ལོག་ཕྱོགས་ཀྱི་བོད་མི་གཞན་ཞིག་གིས། རྒྱ་སྐད་ལ་(扫黑除恶)ཞེས་བོད་སྐད་དུ་ནག་ཚོགས་ངན་སེལ་ཟེར་བའི་སྲིད་ཇུས་དེ་སླེབས་ནས་ད་ལྟའི་འཆར་ལག་བསྟར་བྱེད་བཞིན་པའི་སྐབས་ཡིན་པ་དང་། ཟླ་བ་འདིའི་ཚེས་འགོར་མགོ་ལོག་དགའ་བདེ་ནས་མི་གྲངས་བདུན་ཙམ་ཞིག་དང་། དར་ལག་རྫོང་ནས་མི་གྲངས་བདུན་ཙམ་ཞིག་བཅས་འཛིན་བཟུང་བྱས་པ་བརྗོད་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།