མགོ་ལོག་འཇིགས་མེད་རྡ་སར་འབྱོར་བར་དགའ་བསུ་བྱས་འདུག

2014-05-27
གློག་འཕྲིན།
མཆན།
Share
པར་བཀོད།
མགོ་ལོག་འཇིགས་མེད་ལགས་རྡ་སར་བདེ་འབྱོར་བྱུང་བར་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་འཚམས་འདྲི་ཞུ་བཞིན་པ། ༢༡༠༤།༥།༡༩
མགོ་ལོག་འཇིགས་མེད་ལགས་རྡ་སར་བདེ་འབྱོར་བྱུང་བར་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་འཚམས་འདྲི་ཞུ་བཞིན་པ། ༢༡༠༤།༥།༡༩
པར། མཐུན་འགྱུར་གནང་བ།

རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པས་མགོ་ལོག་འཇིཊ་མེད་རྡ་སར་འབྱོར་བར་དགའ་བསུ་དང་དོན་གྲུབ་དབང་ཆེན་གློད་དཀྲོལ་གཏོང་དགོས་ཟེར། དེ་ཡང་Reporters without Borders ཞེས་རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པ་དེའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་འགན་འཛིན་སྐུ་ཞབས་Benjamin Ismailཡིས་འཇིགས་མེད་རྒྱ་མཚོ་ལགས་ལོ་ངོ་གཉིས་ཙམ་རིང་གར་སོང་ཆ་མེད་དུ་གྱུར་བའི་རྗེས་རྡ་སར་བདེ་བར་འབྱོར་བའི་གནས་ཚུལ་དེ་ཧ་ཅང་གི་ཡག་པོ་རེད། འོན་ཀྱང་དེ་ང་ཚོར་ཡིད་སྤྲོ་བའི་གནས་ཚུལ་ཆ་ཚང་ཞིག་ཆགས་ཀྱི་མེད། གང་ལགས་ཞེ་ན་དོན་གྲུབ་དབང་ཆེན་ལགས་ད་དུང་རྒྱ་ནག་གི་བཙོན་ཁང་ནང་ལུས་ཡོད་པ་རེད་ཅེས་དང་། ཁོང་གིས་མུ་མཐུད་དུ། རྒྱ་ནག་གི་འགོ་ཁྲིད་རྣམས་ཀྱིས་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ཐོག་ཁོང་རྣམས་ཀྱིས་སྨྲ་བརྗོད་ཀྱི་རང་དབང་བེད་སྤྱད་པར་ནག་ཉེས་བཀལ་བ་མྱུར་དུ་གློད་བཀྲོལ་གཏོང་དགོས་ཞེས་གསུངས་འདུག གནས་ཚུལ་ལྟར། སྤྱི་ཟླ་༥པའི་ཚེས་༣་ཉིན་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱི་ངོས་ནས་ཐེངས་དང་པོར་༼གསར་འགོད་རང་དབང་གི་མི་སྣ་དཔའ་བོ་བརྒྱ་ཐམ་པ་༽ཞེས་པའི་མིང་ཐོ་ཞིག་སྤེལ་བའི་ཁྲོད་མདོ་སྨད་བླ་བྲང་དགོན་པའི་དགེ་འདུན་པ་མགོ་ལོག་འཇིགས་མེད་རྒྱ་མཚོ་ལགས་ཚུད་ཡོད་པ་རེད།

གསར་འགོད་པ་ལྷུན་གྲུབ་ཚེ་རིང་།

2014-04-30

རྒྱ་ནག་གཞུང་གིས་འཛིན་བཟུང་བཀའ་རྒྱ་བསྒྲགས་ཡོད་པའི་མགོ་ལོག་འཇིཊ་མེད་ལཊ་གསང་བའི་ཐོག་བཞུཊ་སྒར་དྷ་རམ་ས་ལར་འབྱོར་ཡོད་འདུག
དེ་ཡང་གནས་ཚུལ་ལྟར་ན། འཇིགས་བྲལ་གློག་བརྙན་གྱི་ཕབ་བསྐྲུན་ལས་རོཊ་དང་། རྒྱ་ནག་གཞུང་གིས་འཛིན་བཟུང་བཀའ་རྒྱ་བསྒྲགས་ཡོད་པའི་མགོ་ལོག་འཇིཊ་མེད་ལཊ་གསང་བའི་ཐོག་ཚེས་༡༨ཉིན་རྒྱ་གར་དྷ་རམ་ས་ལའི་དབུས་སྣེ་ལེན་ཁང་དུ་འབྱོར་ཡོད་པ་དང་། འདི་གའི་གསར་འགོད་པ་ཆེད་དུ་བཅར་ནས་བཅར་འདྲི་བྱེད་ཐབས་བྱས་ཀྱང་གནས་སྐབས་བཅར་འདྲི་དངས་ལེན་བྱེད་ཀྱི་མེད་པ་དང་། ཉིན་ཤས་རྗེས་ཁོང་གིས་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འཆར་ཡོད་པ་བརྗོད་འདུག ཁོང་རྡ་སར་འབྱོར་བའི་གནས་ཚུལ་ཁྱབ་མ་ཐག་བཞུགས་སྒར་དུ་ཡོད་པའི་ཚོགས་པ་སྐྱིད་སྡུག་དང་། ཁོང་གི་ངོ་ཤེས་གྲོགས་པོ་ཚོ་ཁམས་འདྲའི་ཁ་བཏགས་འཐེན་པ་དང་བཞུགས་སྒར་ལ་བདེ་འབྱོར་བྱུང་བར་རྟེན་འབྲེལ་ཞུས་འདུག
གནས་ཚུལ་ལྟར་ན། མགོ་ལོག་འཇིགས་མེད་ལགས་ནི། མགོ་ལོག་དབལ་ཤུལ་གསེར་རྟའི་རག་ཁྲམ་ཡུལ་ཚོའི་ཏོག་ཚ་སྡེ་བ་ནས་ཡིན་པ་དང་། ཆུང་དུས་ནས་ཀན་ལྷོ་ཕྱོགས་ཀྱི་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པར་སློབ་གཉེར་གནང་ཡོད་འདུག སྤྱི་ལོ་ ༢༠༠༨ ལོར་དོན་འགྲུབ་དབང་ཆེན་ལགས་དང་མཉམ་དུ་བོད་ནང་གི་དངོས་ཡོད་གནས་སྟངས་མཚོན་པའི་༼འཇིགས་བྲལ༽ཞེས་པའི་གློག་བརྙན་ཞིག་བཟོ་སྐྲུན་བྱས་སྟབས། རྒྱ་གཞུང་གིས་དོན་འགྲུབ་དབང་ཆེན་ལགས་འཛིན་བཟུང་གིས་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༣ ཚེས་ ༢༣ ཉིན་མགོ་ལོག་འཇིཊ་མེད་ལགས་བླ་བྲང་བཀྲ་ཤིས་འཁྱིལ་ནས་འཛིན་བཟུང་གིས་ཟླ་ ༧ རིང་བཀག་ཉར་བྱས། དེ་བཞིན་༢༠༠༨ ལོའི་བོད་ནང་གི་ཞི་རྒོལ་ལས་འགུལ་ཁག་དང་ཡང་འབྲེལ་བ་ཡོད་ཚུལ་གྱིས་རྒྱ་ནག་གིས་ཡང་ཡང་འདྲི་གཅོད་བྱས་ནས་འཛིན་བཟུང་གི་ཉེན་ཁ་ཇེ་ཆེར་སོང་བ་དང་། ཁོང་གར་སོང་ཆ་མེད་དུ་གྱུར་ཡོད་ལ་རིང་བོ་མ་སོང་བར་རྒྱ་ནག་གཞུང་གིས་ཁ་པར་དང་གློག་ཀླད་སོགས་སུ་ཁོང་གི་གནས་ཚུལ་ཡར་ཞུ་བྱེད་མཁན་ལ་རྒྱ་སྒོར་ཁྲི་༢༠སྤྲོད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ནས་འཛིན་བཟུང་བཀའ་རྒྱ་བསྒྲགས་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ།

མཆན། (0)
Share
དྲ་གནས་ཆ་ཚང༌།