ཁ་བ་ཤུགས་ཆེན་བབས་པའི་གནོད་ཐེབས་ས་ཁུལ་ལ་དྲ་ལམ་བརྒྱུད་རོགས་རམ།

2019-02-15
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ནང་གི་ཁ་བས་གནོད་ཐེབས་ས་ཁུལ། ༢༠༡༩
བོད་ནང་གི་ཁ་བས་གནོད་ཐེབས་ས་ཁུལ། ༢༠༡༩
བོད་འབྱོར།

བོད་ནང་མགྱོགས་འཕྲིན་བརྒྱུད་ལམ་གྱི་རྗེས་འདེད་མཁན་མང་པོ་ཡོད་པ་མཁན་གྱི་གཙོས་བོད་མི་ཚོས་མགོ་ལོག་ཕྱོགས་ཀྱི་ཁ་བའི་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་སློང་ནས་རོགས་རམ་བྱེད་བཞིན་འདུག
ཉེ་ཆར་བོད་ཀྱི་མགོ་ལོག་རྨ་སྟོད་ཕྱོགས་སུ་གངས་སྐྱོན་བྱུང་ནས་དཀའ་ངལ་འཕྲད་བཞིན་པའི་སྐབས་འདིར་རོང་འབྲོག་མང་ཚོགས་ཀྱི་སྒོ་ཟོགས་སེམས་ཅན་མང་པོ་དང་། རི་སྐྱེས་སྲོག་ཆགས་མང་པོ་ཤི་བཞིན་པའི་གནས་ཚུལ་བྱུང་བཞིན་པའི་སྐབས་འདིར་མཛོ་རྒན་ར་བ་དང་། དབྱུག་གཞུང་ཞེས་པའི་ས་གནས་སུ་འགྲིམ་འགྲུལ་སྟབས་བདེ་མེད་སར་མང་ཚོགས་ཀྱི་སྒོ་ཟོག་ལུག་མང་པོ་ཤི་ཚར་ཡོད་པ་དང་། ད་ལྟ་ནོར་གཡག་ཁ་ཤས་ལས་ལྷག་མེད་པའི་དབང་གིས་བོད་ནང་གི་བོད་མི་དངས་བླངས་པ་མང་ཚོགས་ཀྱི་དཔལ་འབྱོར་དང་། གནོད་འཚེ་ཕོག་པའི་ས་ཁུལ་ལ་དངོས་སུ་བསྐྱོད་དེ་རོགས་རམ་གནང་བཞིན་ཡོད་པའི་སྐོར་ལ་བོད་ནང་གི་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་གསུང་འདུག ཁོང་གི་གསུང་དོན། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་རྫོང་ཐོག་དང་ཐག་ཉེར་ཡོད་པའི་མཛོ་རྒན་ར་བ་དང་། དབྱུག་གཞུང་དེ་མིན་ད་དུང་རྟ་བོ་གྲོང་བརྡལ་ཁྲ་ཚང་སྡེ་བ་དང་། བྱེ་མ་སྡེ་བ་བཅས་ཀྱི་སར་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་པའི་སྒང་རེད། དེ་གར་འགྲིམས་འགྲུལ་གྱིས་གཞུང་ལམ་མེད་པས་རྒྱལ་ཁབ་ཀྱི་རོགས་སྐྱོར་གང་ཡང་ཐོན་ཐུབ་གི་མེད་པར་བརྟེན་དེང་སྐབས་དར་ཁྱབ་ཆེ་བའི་མགྱོགས་འཕྲིན་ཐད་གཏོང་བརྒྱུད་དྲ་གྲོགས་མི་གྲངས་ཁྲི་བཅུ་བརྒལ་བ་ཡོད་མཁན་དང་། དྲ་གྲོགས་མི་གྲངས་སྟོང་ཕྲག་ཁ་ཤས་ཡོད་མཁན་བཅས་མདོར་ན་མགྱོགས་འཕྲིན་གཏོང་རེས་བྱས་ནས་མགྱོགས་འཕྲིན་རྗེས་འདེད་མཁན་མང་པོ་ཡོད་མཁན་མི་གྲངས་བཅུ་གཉིས་ཙམ་གྱིས་མཉམ་འབྲེལ་ཐོག་ཕྱི་ཚེས་༡༥་ཞོགས་པ་ནས་བཟུང་དྲ་ལམ་ནས་མང་ཚོགས་ལ་སྒོར་མོ་དང་། གཟན་རྩ། དོལ་སྐྱེལ་རླངས་འཁོར་ཡོད་མཁན་བཅས་སོགས་ཀྱི་རོགས་རམ་བྱེད་མཁན་བཙལ་ཏེ་འཚེ་ཕོག་ཡུལ་དུ་རོགས་རམ་བྱེད་བཞིན་ཡོད་པ་རེད་འདུག
དེ་བཞིན་ཡུལ་ཤུལ་ཁུལ་གྱི་རྫ་སྟོད་དང་འབྲི་སྟོད། ཆུ་དམར་ལེབ། ཁྲི་འདུ། ཡུལ་ཤུལ་རྫོང་བཅས་ལ་ཡང་ཁ་བ་ཤུགས་ཆེན་བབས་ནས་སྲོག་ཆགས་སེམས་ཅན་མང་པོ་ཤི་ཡོད་པ་དང་། དེའི་ནང་ནས་གནོད་འཚེ་ཆེ་ཤོས་ནི་རྫ་སྟོད་རྫོང་གི་རྫ་ཆེན་ཡུལ་ཚོའི་ཕྱོགས་སུ་ཐེབས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།