རྒྱ་ནག་གི་ཉེན་རྟོག་པས་མགོ་ལོག་ནས་བོད་མི་བདུན་ཅུ་ཙམ་འཛིན་བཟུང་བྱས་འདུག
2019.05.02
རྒྱ་ནག་གི་ཉེན་རྟོག་པས་མགོ་ལོག་དགའ་བདེ་རྫོང་གཙང་ཞོལ་མ་ས་གནས་སུ་བོད་མི་བཅུ་ཕྲག་འགའ་གང་བྱུང་འཛིན་བཟུང་དང་ཁག་ཅིག་གཅར་རྡུང་བྱས་འདུག
མདོ་སྨད་མགོ་ལོག་ཁུལ་དགའ་བདེ་རྫོང་ཁོངས་ཀྱི་གཙང་ཞོལ་མ་ས་གནས་སུ་བདུན་ཕྲག་གསུམ་ཙམ་གྱི་སྔོན་ལ། རྒྱ་ནག་གཞུང་གིས་གང་བྱུང་བོད་མི་བཅུ་ཕྲག་འགའ་འཛིན་བཟུང་བྱས་པའི་མ་ཚད་གཅར་རྡུང་བཏང་སྟེ་སྐྱེས་པ་ཞིག་གི་རྩིབ་མའང་བཅག་ཡོད་འདུག
མིང་བཤད་འདོད་མེད་པའི་འབྲེལ་ཡོད་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བ་ལྟར་ན། བདུན་ཕྲག་གསུམ་ཙམ་གྱི་སྔོན་ལ་བོད་མི་༧༠ཙམ་ཞིག་འཛིན་བཟུང་བྱས་ཡོད་པ་དང་། འཛིན་བཟུང་བྱས་པའི་བོད་མི་དེ་དག་ལ་ནག་ཉེས་གང་ཡང་མེད་ཀྱང་། ས་གནས་རྒྱ་ནག་གཞུང་ཕྱོགས་ཀྱི་འབྲེལ་ཡོད་ཚན་པས་བོད་མི་དེ་དག་འཛིན་བཟུང་བྱེད་དགོས་དོན་གྱི་རྒྱུ་རྐྱེན་གཅིག་ནི། འཕྲོད་བསྟེན་འགན་སྲུང་གི་ཆེད་དུ་རྒྱ་སྒོར་ཉིས་བརྒྱ་རེ་སྤྲོད་དགོས་པ་དེ་མ་སྤྲད་པའི་དབང་གིས་ཡིན་ལུགས་དང་། དེ་མིན་བུ་ཕྲུག་སློབ་གྲྭར་མ་བསྐྱལ་བ། ཡང་གཞན་ཞིག་ནི་མི་ཡག་པོ་མིན་ལུགས་བཅས་རྒྱུ་རྐྱེན་དུ་བགྲང་ནས་འཛིན་བཟུང་བྱས་པ་ཞིག་ཡིན་ལུགས་གོང་གི་བོད་མི་དེས་མུ་མཐུད་ངོ་སྤྲོད་གནང་བ་དང་། ད་དུང་ཁོང་གིས་མི་ཡག་པོ་མི་འདུག་ཅེས་པ་ཙམ་ལས་ཡག་པོ་མེད་སྟངས་དང་ནག་ཉེས་ཅི་ཞིག་བསགས་པ་སོཊ་གསལ་བཤད་གང་ཡང་མེད་པར་འཛིན་བཟུང་བྱས་ཡོད་པ་དང་། མི་སྣ་དེ་དག་ནི་ནམ་རྒྱུན་བོད་མི་རིཊ་ཀྱི་ལ་རྒྱའི་ཐོག་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་མི་རིཊ་ཀྱི་ཐོབ་ཐང་སོཊ་ཀྱི་སྐོར་མང་ཚོཊ་ནང་བཤད་མཁན་གྱི་རིགས་ཡིན་པ་དང་། ཁོ་ཚོ་འཛིན་བཟུང་གིས་འདྲི་རྩད་ཚ་ནན་དང་གཅར་རྡུང་བཏང་ནས་སྐྱེས་པ་ཞིག་གི་རྩིབ་མའང་བཅག་ཡོད་པ་བརྗོད་བྱུང་།
ཉེ་བའི་ལོ་ཤས་གོང་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ཞིང་འབྲོག་ས་ཁུལ་དུ་འཕྲོད་བསྟེན་འགན་སྲུང་གི་ལམ་ལུགས་ལག་བསྟར་བྱེད་འགོ་བཙུཊ་ཡོད་པ་དང་། རྒྱ་ནག་གི་འཕྲོད་བསྟེན་འགན་སྲུང་སྐོར་གྱི་གསར་འགྱུར་གཞིར་བཟུང་ན། ༢༠༡༩ལོའི་གྲོང་གསེབ་ཀྱི་འཕྲོད་བསྟེན་འགན་སྲུང་མཉམ་འབྲེལ་གསར་བའི་སྒྲིག་གཞིའི་ནང་མི་རེའི་ཚད་ལྡན་གྱི་ཚད་གཞི་ནི་ལོ་རེར་རྒྱ་སྒོར་༢༢༠་སྤྲོད་དགོས་པ་དང་། ༢༠༡༨ལོར་རྒྱ་སྒོར་༡༨༠དང་། ༢༠༡༥་ལོར་རྒྱ་སྒོར་༥༠་ཡིན་འདུག
གསར་འགྱུར་འདིར་བསམ་ཚུལ་འདོན་སར་མི་མང་གིས་བསམ་ཚུལ་འདྲ་མིན་བརྒྱ་ཕྲག་བཏོན་ཡོད་པའི་ནང་གི་གཅིག་གིས། གཞུང་གིས་དུས་རྒྱུན་དབུལ་ཕོངས་ལ་རོགས་སྐྱོབ་བྱེད་བཞིན་ཡོད་ལུགས་བཤད་བཞིན་ཡོད་ཀྱང་། ལོ་རེ་བཞིན་འཕྲོད་བསྟེན་འགན་སྲུང་གི་དོད་དུ་སྤྲོད་རྒྱུའི་སྒོར་མོ་ཇེ་མང་དུ་གཏོང་བཞིན་པ་དང་། དབུལ་ཕོངས་ཁྱིམ་ཚང་ཞིག་ལ་མི་བཞི་ལྔ་ཞིག་ཡོད་ཚེ་སྒོར་མོ་ཆིག་སྟོང་ཡན་སྤྲོད་དགོས་ཡོད་པས་གཞུང་གིས་མང་ཚོཊ་དཀའ་ངལ་ནང་གཡུག་གི་ཡོད་སྐོར་བཤད་འདུག
ཡང་མི་གཞན་ཞིག་གིས་ལོ་སྔོན་མར་སྤྲད་མེད་པ་དེ་ཡང་ད་ལོ་ཁ་གསབ་བྱེད་དགོས་བྱུང་ཡོད་སྐོར་སོཊ་དཀའ་ངལ་འདྲ་མིན་མང་པོ་ཞིག་བཤད་འདུག