བལ་ཡུལ་མའོ་དམར་ཤོག་གི་དྲག་སྤྱོད་པའི་མདུན་ལམ་སྐོར།

བལ་ཡུལ་གཞུང་གིས་མའོ་དམར་ཤོག་ཚོགས་པའི་དྲག་སྤྱོད་པ་རྣམས་གཞུང་དམག་ཁོངས་སུ་ཟླ་བསྒྲིལ་བྱེད་ཆོག་ཐད་ཚོགས་ཆུང་བསྐྱར་གསོ།
2009-06-29
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བལ་ཡུལ་གཞུང་གིས་མའོ་དམར་ཤོག་ཚོགས་པའི་དྲག་སྤྱོད་པ་རྣམས་གཞུང་དམག་ཁོངས་སུ་ཟླ་བསྒྲིལ་དང་འཚོ་ཐབས་མདུན་ལམ་ཐག་གཅོད་བྱེད་པོ་དམིགས་བསལ་ཚོགས་ཆུང་བསྐྱར་གསོ་བྱ་འགོ་བཙུགས་འདུག

བལ་ཡུལ་གྱི་མའོ་དམར་ཤོག་ཚོགས་པའི་འགོ་ཁྲིད་པཱར་ཅན་རྡ་དམིགས་བསལ་ཚོགས་ཆུང་དེའི་ཚོགས་གཙོའི་ལས་གནས་སུ་རང་གནས་དགོས་ལུགས་གསུངས་ཡོད་ཀྱང་བལ་ཡུལ་གཞུང་འཛིན་སི་པི་ཨེན་དམར་ཤོག་ཚོགས་པ་དང་ནེ་པ་ལི་ཀོང་རེ་སི་ཚོགས་པ་བཅས་ཀྱིས་ད་ཡོད་སྲིད་བློན་མཱ་རྡལྦ་ཀུ་མར་ནེ་པལ་མཆོག་གིས་དམིགས་བསལ་ཚོགས་ཆུང་དེའི་ཚོགས་གཙོ་གནང་དགོས་པའི་ཐག་གཅོད་གནང་ཡོད་པ་རེད།

མའོ་དམར་ཤོག་ཚོགས་པའི་དྲག་སྤྱོད་པ་རྣམས་ཀྱི་མདུན་ལམ་ཐག་གཅོད་དང་རྩ་ཁྲིམས་གསར་བཟོའི་ལས་དོན་གཉིས་གང་མྱུར་འབྱུང་ཐབས་ལ་ད་ཡོད་སྲིད་བློན་ནེ་པལ་གྱིས་འབད་བརྩོན་གནང་གི་ཡོད་ལུགས་གསལ་བཤད་གནང་ཡོད་པ་རེད།

ཡང་ནེ་པ་ལི་ཀོང་རེ་སི་སྲིད་དོན་ཚོགས་པའི་གྲོས་ཚོགས་འགོ་ཁྲིད་རཱམ་ཆན་རྡར་པའོ་ཌེལ་གྱིས་མའོ་དམར་ཤོག་ཚོགས་པའི་དྲག་སྤྱོད་པ་རྣམས་གཞུང་དམག་ཁོངས་སུ་ཟླ་བསྒྲིལ་དང་གཞིས་ཆགས་མཐུན་རྐྱེན་སྦྱོར་རྒྱུའི་ལས་དོན་གྱི་གཙོ་འགན་མའོ་དམར་ཤོག་ཚོགས་པའི་འགོ་ཁྲིད་པཱར་ཅན་རྡ་ཡིས་གནང་ན་འགྲིག་ཐབས་མེད་ལུགས་གསལ་བཏོན་གནང་ཡོད་པ་རེད། ཕྱོགས་མཚུངས་ད་ལམ་མའོ་དམར་ཤོག་ཚོགས་པ་གཞུང་འཛིན་ནས་ཕྱིར་འཐེན་གནང་བའི་རྗེས་སུ་མའོ་དམར་ཤོག་ཚོགས་པས་ངོ་རྒོལ་ལས་འགུལ་ཕྱོགས་གང་ས་ནས་སྤེལ་ཡོད་པ་དང་ལྷག་པར་དུ་གྲོས་ཚོགས་ནང་ངོ་རྒོལ་བྱས་ཏེ་གྲོས་ཚོགས་ལྷན་ཚོགས་གནང་རྒྱུར་འགོག་རྐྱེན་མུ་མཐུད་བྱས་དང་བྱེད་བཞིན་པར་བརྟེན་ད་བར་གྲོས་ཚོགས་ཚུགས་མ་ཐུབ་པར་དེ་མུར་ལུས་ཡོད་ཅིང་གྲོས་ཚོགས་ལས་རིམ་གང་མྱུར་སྔར་སོར་ཚུད་ཐབས་སུ་སྲིད་བློན་གྱིས་སྲིད་དོན་ཚོགས་པ་གཞན་ཉི་ཤུ་རྩ་ལྔའི་འགོ་ཁྲིད་རྣམས་དང་གྲོས་མོལ་ཚོགས་འདུ་ཞིག་རིང་མིན་ཚོགས་རྒྱུའི་གྲ་སྒྲིག་གནང་བཞིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།