བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་གི་སྐུ་ཕུང་རྒྱ་གར་དུ་གདན་ཞུ་གནང་འཆར།


2018-10-31
Share
བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་གི་སྐུ་ཕུང་རྒྱ་གར་དུ་གདན་འདྲེན་ཞུ་ཡིན་འདུག བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག
ཨེ་ཨེཕ་པི།

རེས་གཟའ་ཟླ་བའི་ཉིན་སྐུ་གཤེགས་པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་གི་སྐུ་ཕུང་ཨ་རིའི་གྲོང་ཁྱེར་San Francisco ནས།  རྒྱ་གར་དུ་གདན་འདྲེན་ཞུས་ནས་ཌེ་ར་ཌུན་དུ་ཞུགས་འབུལ་ཞུ་རྒྱུའི་གྲ་སྒྲིག་་སྨིན་གྲོལ་གླིང་དགོན་པས་གནང་བཞིན་འདུག  རེས་གཟའ་པ་སངས་དང་། སྤེན་པ་གང་རུང་ཞིག་ལ་ལྡི་ལིར་འབྱོར་ཐུབ་པའི་རེ་བ་གནང་གི་ཡོད་ཅེས་སྨིན་སྒྲོལ་གླིང་དགོན་པའི་དྲུང་ཆེ་སྤྱི་ཟུར་བླ་མ་བསྟན་སྐྱབས་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང།

༡༠ ཚེས་ ༢༩ འི་སྔ་དྲོ་རྒྱ་རི་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པ་ཐོས་ཁྲལ། རྒྱ་གར་ནང་ཡོད་པའི་སྨིན་གྲོལ་གླིང་དགོན་པའི་སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་མཆོག་དང་། སྐྱབས་མཆོག་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་མཆོག དེ་བཞིན་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་བཅས་སྤྱི་ཚེས་ ༢༩ འི་དགོང་མོར་ཨ་རིར་ཕེབས་ཐོན་གྱིས་་་ཆོས་ཕྱོགས་ཀྱི་བྱ་བ་ག་རེ་གནང་དགོས་པ་དེ་དག་ཚང་མ་གནང་བཞིན་ཡོད་པ་དང་། སྨིན་གྲོལ་གླིང་དང་། རྒྱ་རི་རིན་པོ་ཆེའི་དབར་ཆོས་དང་འཇིགས་རྟེན་གཉིས་ཀའི་འབྲེལ་བ་ཆེན་པོ་ཡོད་པར་བརྟེན།  རྒྱ་རི་རིན་པོ་ཆེའི་སྐུ་ཕུང་ཞུགས་འབུལ་གྱི་ཉིན་མོ་དངོས་སུ་གཏན་འཁེལ་བྱུང་མེད་ཀྱང་། མཁོ་ཆེན་རིན་པོ་ཆེ་ཁོང་རྣམས་རྒྱ་གར་ལ་ཕྱིར་ཕེབས་རྗེས་བླ་སྤྲུལ་སུ་སུ་གདན་འདྲེན་ཞུ་མིན་སོགས་ཀྱི་ཐག་གཅོད་གནང་རྒྱུ་ཡིན་ཞིང་། ད་ལྟའི་འཆར་དགོན་པའི་རྐང་རྕེད་སྤོ་ལོའི་ཐང་ཆེན་དུ་ཞུགས་འབུལ་གནང་རྒྱུའི་གྲ་སྒྲིག་གནང་བཞིན་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།