ཁེ་ཎ་ཌའི་ནང་ཚོགས་པའི་རྒྱལ་སྤྱིའི་ལྷན་ཚོགས་ཞིག་གི་ཐོག་སྲིད་ཟུར་བློ་བཟང་སེང་གེ་ལགས་མཉམ་ཞུགས་གནང་ཡོད་འདུག

2022.11.23
Share on WhatsApp
Share on WhatsApp
ཁེ་ཎ་ཌའི་ནང་ཚོགས་པའི་རྒྱལ་སྤྱིའི་ལྷན་ཚོགས་ཞིག་གི་ཐོག་སྲིད་ཟུར་བློ་བཟང་སེང་གེ་ལགས་མཉམ་ཞུགས་གནང་ཡོད་འདུག ཁེ་ཎ་ཌའི་ནང་ཚོགས་པའི་རྒྱལ་སྤྱིའི་ལྷན་ཚོགས་ཞིག་གི་ཐོག
@lobsangsangyi

དེ་ཡང་ཉེ་ལམ་ཟླ་བ་འདིའི་ཚེས་༡༨ནས་༢༠བར་ཁེ་ཎ་ཌའི་(Novo Scotia)་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་(Halifax International Security Forum)་འམ་ཧཱ་ལི་ཧྥེ་ཁུ་སུ་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ཀྱི་གོ་སྒྲིག་འོག དེང་གི་ཆར་རྒྱལ་སྤྱིའི་ཁྱོན་གྱི་བདེ་འཇགས་དང་དེའི་གནད་འགག་ཐད་གཏམ་བཤད་དང་བགྲོ་གླེང་། བསམ་ཚུལ་བརྗེ་རེས་ཀྱི་ལྷན་ཚོགས་ཞིག་ཉིན་གསུམ་རིང་འཚོགས་ཡོད་པའི་སར། སྲིད་ཟུར་བློ་བཟང་སེང་གེ་ལགས་ཀྱང་མགྲོན་འབོད་གནང་པ་ལྟར་མཉམ་ཞུགས་གནང་ཡོད་འདུག་ལ། དེའི་ཐད་ཁོང་གི་ངོ་དེབ་ཐོག ལྷན་ཚོགས་སྐབས་འཛམ་གླིང་ཐོག་ཤུགས་རྐྱེན་ཆེ་བའི་མི་སྣ་ཁག་དང་མཉམ་དུ་བསམ་ཚུལ་བརྗེ་རེས་དང་ལེགས་ཆ་ལེན་རྒྱུ་བྱུང་། དེ་དང་མཉམ་དུ་འཛམ་གླིང་གི་དཔོན་རིགས་ཁྲོད་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་པ་ཤེས་རྟོགས་བྱུང་བས་སྐུལ་མ་ཆེན་པོ་ཐེབས་བྱུང་བ་བྲིས་འདུག
ལྷན་ཚོགས་དེ་བཞིན་ཕྱི་ཚེས་༡༨ཉིན་ཁེ་ཎ་ཌའི་རྒྱལ་སྲུང་བློན་ཆེན་(Anita Anand)་ལགས་ཀྱིས་དབུ་འབྱེད་གནང་ཞིང་། ལྷན་ཚོགས་ཐོག་ཨ་རིའི་རྒྱལ་སྲུང་དྲུང་ཆེ་(llyod Austin)་དང་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་(Kristen Gillibrand)་ལགས། གཞན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྐུ་ཚབ་དང་དེ་བཞིན་ཁེ་ན་ཌ་དང་ཡོ་རོབ་གཙོས་པའི་རྒྱལ་སྤྱིའི་ཡུལ་གྲུ་གང་ས་ནས་བདེ་འཇགས་ཀྱི་གནད་དོན་དང་འབྲེལ་བའི་མཁས་དབང་དང་ཉམས་ཞིབ་པ་སོགས་ཁྱོན་མི་སྣ་༣༠༠ལྷག་མཉམ་བཞུགས་གནང་ཡོད་འདུག་ལ། སྐབས་དེར་ཐེ་ཝན་གྱི་ཐོག་རྒྱ་ནག་གིས་སྡིགས་ར་སྐུལ་བཞིན་པའི་གནད་དོན་དང་། རྒྱ་ནག་གིས་དྲ་རྒྱའི་བདེ་འཇགས་ལ་ཉེན་ཚབས་བཟོ་བཞིན་པ་དང་དེ་དག་ལ་གདོང་ལེན་བྱ་ཐབས་སོགས་གནད་དོན་དུ་མའི་ཐོག་གོ་བསྡུར་སྦྱང་བཤད་གནང་ཡོད་འདུག


གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
པེ་ཅིན་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་གཞུང་གི་བཀག་སྡོམ་སྲིད་ཇུས་དང་ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ཀྱི་གསོ་བ་རིག་པ་དམིགས་བསལ་བ་ཞིག་ཆགས་ཀྱི་ཡོད་སྟབས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད་པ། ༧གོང་ས་མཆོག་གིས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎