སེམས་ཀྱི་བདེ་སྐྱིད་བསྐྲུན་ཐབས་ཀྱི་སློབ་ཁྲིད་ལ་མཐོང་ཚུལ་ཡག་པོ་བྱུང་འདུག

2019-03-15
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གདན་ཞུས་ཐོག་ལྡི་ལིར་བདེ་སྐྱིད་བསྐྲུན་ཐབས་སླད་ཆོས་ལུགས་དང་མ་སྦྲེལ་བའི་བཟང་པོའི་རིན་ཐང་བསྐྲུན་ཐབས་ཀྱི་སློབ་གཞི་དབུ་འབྱེད་སྐབས། ༢༠༡༨།༧།༢
༧གོང་ས་མཆོག་གདན་ཞུས་ཐོག་ལྡི་ལིར་བདེ་སྐྱིད་བསྐྲུན་ཐབས་སླད་ཆོས་ལུགས་དང་མ་སྦྲེལ་བའི་བཟང་པོའི་རིན་ཐང་བསྐྲུན་ཐབས་ཀྱི་སློབ་གཞི་དབུ་འབྱེད་སྐབས། ༢༠༡༨།༧།༢
༧གོང་ས་མཆོག་གདན་ཞུས་ཐོག་ལྡི་ལིར་བདེ་སྐྱིད་བསྐྲུན་ཐབས་སླད་ཆོས་ལུགས་དང་མ་སྦྲེལ་བའི་བཟང་པོའི་རིན་ཐང་བསྐྲུན་ཐབས་ཀྱི་སློབ་གཞི་དབུ་འབྱེད་སྐབས། ༢༠༡༨།༧།༢

ལྡི་ལིའི་སློབ་གྲྭ་ཁག་གཅིག་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐབས་ཀྱི་སློབ་ཁྲིད་ལ་མཐོང་ཕྱོགས་ཡག་པོ་བྱུང་རྗེས་ཁྱབ་སྤེལ་ཇེ་ཆེར་དགོས་པའི་སྐུལ་མ་གནང་གི་ཡོད་འདུག
རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གྲོང་ཁྱེར་སྲིད་གཞུང་གིས་འཛིན་སྐྱོང་བྱེད་བཞིན་པའི་སྔོན་འགྲོ་དང་གཞི་རིམ་སློབ་གྲྭའི་སློབ་གཞིའི་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐབས་ཀྱི་སྐོར་ད་བར་སློབ་ཁྲིད་བྱེད་པའི་གྲུབ་འབྲས་ལས་སློབ་ཕྲུག་ཚོའི་སེམས་ཁམས་དང་རྒྱུན་ལྡན་གྱི་ཀུན་སྤྱོད་བཅས་པར་ཁྱད་པར་ཆེན་པོ་བཟོ་ཡི་ཡོད་པའི་མཐོང་ཚུལ་ཅི་ཆེ་བྱུང་བའི་རྗེས་འབྲས་སུ། ད་ཆ་ལྡི་ལིའི་གྲོང་ཁྱེར་སྲིད་གཞུང་གིས་རང་གི་ཁྱབ་ཁོངས་གྲོང་སྡེ་ལས་ཁུངས་ཁག་གསུམ་གྱི་འཛིན་སྐྱོང་འོག་འཛིན་རིམ་ལྔ་པ་བར་ཡོད་པའི་སློབ་གྲྭ་ཁག་༡༤༠༠ཙམ་ཡོད་པ་དེ་རྣམས་ལའང་སློབ་གཞི་དེ་སློབ་ཁྲིད་བྱ་རྒྱུར་སྐུལ་སློང་གནང་གི་ཡོད་པ་རྒྱ་གར་གྱི་གྲགས་ཆེ་བའི་རྒྱ་གར་དུས་བབ་(Times of India) གསར་ཤོག་གིས་གནས་ཚུལ་སྤེལ་ཡོད་པ་རེད།
བདེ་སྐྱིད་བསྐྲུན་ཐབས་ཀྱི་སློབ་གཞི་དེ་ནི། རྒྱལ་ས་ལྡི་ལིའི་གྲོང་ཁྱེར་སྲིད་གཞུང་གིས་ཕྱི་ལོ་༢༠༡༨ལོའི་ཕྱི་ཟླ་༧པའི་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་མཆོག་གདན་ཞུས་ཐོག་སློབ་ཕྲུག་ཚོའི་ཁྲོད་ཡིད་ལ་བདེ་སྐྱིད་བསྐྲུན་ཐབས་སླད་ཆོས་ལུགས་དང་མ་སྦྲེལ་བའི་བཟང་པོའི་རིན་ཐང་བསྐྲུན་ཐབས་ཀྱི་སློབ་གཞི་དེ་འགོ་འཛུགས་གནང་ཡོད་པ་རེད།
རྒྱལ་ས་ལྡི་ལིའི་གྲོང་ཁྱེར་སྲིད་གཞུང་གིས་སློབ་གཞི་དེ་སྔོན་འགྲོའི་སློབ་གྲྭ་ནས་འཛིན་རིམ་བརྒྱད་པའི་བར་སློབ་ཁྲིད་གནང་འགོ་བཙུགས་ཡོད་པ་དང་། སློབ་གཞི་དེ་སློབ་ཁྲིད་ཀྱི་ཆེད། དམིགས་བསལ་སློབ་དེབ་སོགས་མེད་པ་དང་། སློབ་ཕྲུག་ཚོར་སྒྲུང་དང་གཞན་ཡང་བྱེད་སྒོ་ཁག་ཅིག་བརྒྱུད་དྲན་ཤེས་བག་ཕེབས་དང་ཕན་ཚུན་གཅིག་ཕན་གཅིག་རོགས་ཀྱི་འདུ་ཤེས་འཛིན་སྟངས་སོགས་ངོ་སྤྲོད་ཀྱི་ལམ་ནས་སློབ་ཁྲིད་བྱེད་ཀྱི་ཡོད་པ་རེད།
དགེ་རྒན་དང་སློབ་གྲྭའི་འཛིན་སྐྱོང་གནང་མཁན་ཚོས་བདེ་སྐྱིད་བསྐྲུན་ཐབས་ཀྱི་སློབ་གཞི་སློབ་ཁྲིད་བྱེད་འགོ་བཙུགས་པ་ནས་བཟུང་སློབ་ཕྲུག་ཕན་ཚུན་གྱི་བར་དང་གཞན་ཡང་སློབ་ཕྲུག་ཚོས་དགེ་རྒན་བཅས་ལ་འབྲེལ་འཐུད་བྱེད་ཕྱོགས་བཅས་པ་ཧ་ཅང་བཟང་དུ་ཕྱིན་པའི་གཟིགས་ཚུལ་ཡོང་གི་ཡོད་སྐོར་བཀོད་ཡོད་པ་རེད།
གྲོང་རྡལ་ལས་ཁུངས་ཀྱི་འཛིན་སྐྱོང་དཔོན་རིགས་ཁག་གིས་ད་ལྟའི་འཆར་སློབ་གཞི་དེ་སློབ་ཁྲིད་ཀྱི་ཐད་གྲོས་བསྡུར་གནང་བཞིན་པ་ལས་དངོས་སུ་ལག་བསྟར་ཐད་ད་ལྟ་ཐག་གཅོད་བྱུང་མེད་པ་གསུངས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།