བོད་སྟོད་ཁུལ་དུ་གངས་ཆེན་འབབ་རྐྱེན་འགྲུལ་ཞུད་ལ་དཀའ་ངལ།

བོད་ཀྱི་མངའ་རི་ཁུལ་གངས་ཆེན་པོ་འབབ་པའི་རྐྱེན་གྱིས་འགྲུལ་ཞུད་ལ་དཀའ་ངལ་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

2011-02-17
Share

༄༅༎དེ་ཡང་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། སྟོད་མངའ་རི་ཁུལ་རེས་གཟའ་ཉི་མ་ནས་བཟུང་གངས་ཧ་ཅང་ཆེན་པོ་འབབ་པའི་རྐྱེན་གྱིས་ཁུལ་དེ་ནས་ཤིན་ཅང་ཁུལ་འགྲུལ་ཞུད་བྱེད་ཡུལ་གྱི་ལམ་ཆེན་ཁག་འགག་ནས་འགྲུལ་པ་ཉི་ཤུ་རྩ་དགུ་ལྷག་ཙམ་གནམ་གཤིས་ཧ་ཅང་གྲང་ངར་ཆེ་བའི་དཀའ་ངལ་འཕྲད་ཡོད་པ་དང་། རེས་གཟའ་མིག་དམར་ཉིན་དྲག་ཆས་དམག་མི་ཆེད་བཏང་གིས་ལམ་བར་འགག་བསྡད་པའི་འགྲུལ་མི་རྣམས་ལ་གྱོན་གོས་དང་། ཟ་ཆའི་རིགས་མཁོ་སྤྲོད་བྱས་པའི་མ་ཟད་ཉེ་འཁྲིས་གྲོང་ཚོ་ཞིག་ཏུ་འོར་འདྲེན་བྱེད་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། དེ་དང་ཕྱོགས་མཚུངས་དམག་མི་ཚོས་ལམ་ཆེན་གྱི་གངས་བཤངས་རྩིས་བྱས་ཡོད་ཀྱང་མུ་མཐུད་ནས་གངས་འབབ་ཡོད་པའི་རྐྱེན་གྱིས་ལམ་ཆེན་དེ་བརྒྱུད་འགྲུལ་ཞུད་བྱེད་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།