མི་ཕན་ཚུན་དབར་སྤྲུན་ཟླའི་འདུ་ཤེས་འཛིན་དགོས།


2018.03.19
མི་ཕན་ཚུན་དབར་སྤྲུན་ཟླའི་འདུ་ཤེས་འཛིན་དགོས། ༸གོང་ས་མཆོག་ནས་དགེ་ལས་སློབ་ཕྲུག་ལ་བཀའ་སློབ་གནང་བཞིན་པ།
དགའ་ལྡན་ཕོ་བྲང་དྲ་ཚིགས།

༄༅།    །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ཡོངས་གཙུག་ལག་སློབ་གྲྭའི་མཐུན་ཚོགས་གྱི་ལོ་འཁོར་ཚོགས་འདུ་ཐེངས་༩༢པའི་མཛད་སྒོ་དབུ་འབྱེད་ཐོག    མིའི་བཟང་སྤྱོད་གོང་འཕེལ་གཏོང་དགོས་པའི་ལམ་སྟོན་གནང་འདུག  
དེ་ཡང་ཟླ་འདིའི་སྤྱི་ཚེས་༡༩ཉིན་རྒྱ་གར་གྱི་ཨུཏྟར་པྲ་དེཤ་མངའ་སྡེའི་སཱ་ར་ནཱ་ཐ་Sarnath ས་གནས་སུ་རྟེན་གཞི་བྱེད་པའི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་༧གོང་ས་མཆོག་གིས།  ང་ཚོ་འགྲོ་བ་མི་དུང་ཕྱུར་བདུན་ཅུ་ཡོད་པ་ཚང་མས་ཕན་ཚུན་གཅིག་གིས་གཅིག་ལ་སྤུན་ཟླའི་འདུ་ཤེས་བཟུང་བ་ཡིན་ན། དཀའ་ངལ་མང་པོ་ཞིག་ཉུང་དུ་འགྲོ་ཡི་རེད་ཅེས་བཀའ་གནང་འདུག    ༸གོང་ས་མཆོག་ནས་སྐབས་དེར་ད་དུང་།    ང་ཚོ་མི་ཕན་ཚུན་དབར་ང་དང་ཁོ་ཞེས་དང་། ཐ་ན་ཆོས་ལུགས་མི་སྣ་དག་གིས་དེ་ལྟར་བརྗོད་བཞིན་ཡོད། དེ་ནི་དཀའ་རྙོག་གི་འབྱུང་རྩ་ཡིན་ཞེས་གསུངས་པ་དང་སྤྲགས།     ད་ལྟ་ང་ཚོའི་འཇིག་རྟེན་འདི་ནི་ཆུང་རུ་སོང་ནས་ཕན་ཚུན་གཅིག་གིས་གཅིག་ལ་བརྟེན་དགོས་པ་ཞིག་ཆགས་ཡོད་ཅིང་། གནའ་སྔ་མོའི་སྤྱི་ཚོགས་ནང་མི་ཕན་ཚུན་དམག་འཁྲུག་བརྒྱབ་ནའང་དེ་འདྲ་ཞིག་གཏོར་བཤིག་ཐུབ་ཀྱི་མེད། ཡིན་ནའང་དེང་སང་ཀྱི་སྤྱི་ཚོགས་ནང་འཕྲུལ་ཆས་ཡར་རྒྱས་ཆེན་པོ་ཕྱིན་པའི་རྐྱེན་གྱིས་རྡུལ་ཕྲན་མཚོན་ཆ་ག་དུས་བེད་སྤྱོད་བྱེད་ན་བྱེད་ཆོག་ཆོག་གི་གྲ་སྒྲིག་ཡོད་པའི་གནས་སྟངས་ཡིན་སྟབས། ཧ་ཅང་འཇིགས་སྣང་ལྡན་པའི་གནས་སྟངས་ཞིག་ཡིན། དེར་བརྟེན་ང་ཚོ་དོན་སྙིང་ལྡན་པའི་ཞི་བདེ་བསྐྲུན་དགོས་པ་དང་། ཞི་བདེ་ནི་གྲོས་ཆོད་སོགས་བཞག་ནས་ལས་སླ་པོ་སྒྲུབ་ཐུབ་པ་ཞིག་མ་རེད། དེ་ནི་མིའི་རྣམ་དཔྱོད་དང་།  ནང་སེམས་ཀྱི་བསམ་བློ་ལ་བསྒྱུར་བ་བཏང་ནས་བཟང་སྤྱོད་སྐོར་ལ་གོང་འཕེལ་གཏོང་དགོས་པ་རེད་ཅེས་སོགས་བཀའ་སློབ་གནང་འདུག

གསར་འགོད་པ་འགན་འཛིན་གཞོན་པ་དཔལ་ལྡན་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎