མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་དང་སྙིང་རྗེ་ཡིན། ༸གོང་ས་མཆོག


2019.12.19
མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་དང་སྙིང་རྗེ་ཡིན། ༸གོང་ས་མཆོག ༸གོང་ས་མཆོག་ནས་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་བཀའ་སློབ་གནང་སྐབས།
དགའ་ལྡན་ཕོ་བྲང་།

གདན་ས་གྲྭ་ཚང་ཁག་ནི་འཛམ་གླིང་ཞི་བདེ་སྒྲུབ་ཐབས་ཀྱི་ས་བོན་ལྟ་བུ་ཞིག་ཡིན་དུས་ད་བར་ཤུགས་བརྒྱབ་ཡོད་པ་དང་ད་དུང་མུ་མཐུད་ནས་ཤུགས་སྣོན་རྒྱག་དགོས་ཞེས་གོང་ས་མཆོག་གིས་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད། དེ་ཡང་ཕྱི་ཚེས་༡༩ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་དགུ་གླིང་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་དབུས་པའི་སེར་སྐྱ་མང་ཚོགས་ལ་ལམ་སྟོན་བཀའ་སློབ་གནང་སྐབས།    སྤྱིར་སངས་རྒྱས་ཀྱི་ཆོས་དང་། ཡང་སྒོས་སུ་དཔལ་ན་ལཎ་ཌ་ནས་བརྒྱུད་པའི་ལེགས་བཤད་དེ་དག་ཧ་ལས་པ་ཞིག་རེད་ལ། ཆོས་ལ་དད་པ་མེད་མཁན་ཚོར་ཡང་ཕན་ཐོགས་ཡོད་ན། འཛམ་གླིང་འདི་བཞིན་བདེ་སྐྱིད་དང་ལྡན་པ་ཞིག་བསྐྲུན་པར་རེ་བ་ཡོད་ཅེས་དང་།

ཡང་གོང་ས་མཆོག་གིས།   འཛམ་གླིང་འདིའི་ཐོག་གི་དཀའ་ངལ་ཚང་མ་རང་གཅེས་འཛིན་ནས་བྱུང་བ་ཞིག་ཡིན་པ་དང་།  མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་དང་སྙིང་རྗེ་ཡིན་པས། ཤེས་རབ་ཀྱི་ཐོག་ནས་རང་གཅེས་འཛིན་ལ་སྐྱོན་དུ་བལྟས་ནས་གཞན་གཅེས་འཛིན་གྱི་ཡོན་ཏན་ལ་སློབ་སྦྱོང་བྱས་པ་ཡིན་ན། འཛམ་གླིང་འདི་ཞི་བདེ་ཡོང་གི་རེད་ཅེས་་གསུངས་ཡོད་པ་རེད།  ཡང་ཕྱི་ཚེས་༢༠ཉིན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དགོངས་པ་རྫོགས་ནས་ལོ་ངོ་༦༠༠འཁོར་བའི་རྗེས་དྲན་དང་འབྲེལ། རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་གི་ཚོགས་མགོན་དུ་དབུ་བཞུགས་གནང་རྒྱུ་ཡིན་པ་རེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎