༸གོང་ས་མཆོག་གི་ཡང་སྲིད་ཐད་རྒྱ་གཞུང་ནས་ཐེ་བྱུས་བྱ་རྒྱུ་མེད།


2019.12.02
༸གོང་ས་མཆོག་གི་ཡང་སྲིད་ཐད་རྒྱ་གཞུང་ནས་ཐེ་བྱུས་བྱ་རྒྱུ་མེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག ༢༠༡༨།༡
ཨེ་ཨེཕ་པི།

དེ་ཡང་ཉིན་ཤས་གོང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་མཆོག་དང་རྒྱ་རིགས་འབྲེལ་མཐུད་པ་རྣམ་གཉིས་ནས་ཁེ་ཎ་ཌའི་གྲོང་ཁྱེར་ཊོ་རོན་ཊོའི་ནང་ཕེབས་ཏེ་ཁུལ་དེར་ཡོད་པའི་རྒྱ་རིགས་བོད་དོན་རྒྱབ་སྐྱོར་བའི་ཚོགས་པ་ཁག་ཅིག་གི་སྐུ་ཚབ་འཐུས་མི་རྣམས་དང་མཇལ་འཕྲད་གནང་ཡོད་འདུག ཚོགས་འདུའི་ཐོག་ནས་རྒྱ་རིགས་ཚོགས་པ་ཁག་གིས་སྤྱི་མོས་སྤྱི་བསྒྲགས་ཞིག་སྤེལ་ཡོད་པ་དེའི་ནང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ཁྱོན་ཡོངས་ནང་ཞི་བདེ་དང་བྱམས་བརྩེ་ཁྱབ་སྤེལ་གནང་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པ་དང་། ལྷག་པར་དུ་ཁོང་གིས་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་ཕྱོགས་ལ་རྒྱལ་སྤྱི་དང་ལྷག་པར་དུ་ཕྱི་ནང་གི་རྒྱ་རིགས་མང་པོས་རྒྱབ་སྐྱོར་ཞུ་གི་ཡོད་རེད། འོན་ཀྱང་ཉེ་བའི་ཆར་རྒྱ་ནག་གུང་ཁྲན་དམར་ཕྱོགས་སྲིད་གཞུང་གིས་མ་འོངས་པར་༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་ཐེ་བྱུས་དང་སྦྲགས། གུང་ཁྲན་སྲིད་གཞུང་གི་མཐའ་མའི་ཐག་གཅོད་བྱ་རྒྱུ་ཡིན་ལུགས་བཤད་པ་དེའི་ཐོག་བོད་མི་ཚོས་སྐྱོན་བརྗོད་བྱས་ཡོད་པས་མ་ཟད། འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་རྒྱ་རིགས་ཚོའི་སེམས་ནང་ལའང་དངངས་སྐྲག་སྐྱེས་གཞི་ཞིག་ཆགས་ཡོད་པ་རེད། དེ་འདྲ་ཡིན་དུས་ད་རེས་རྒྱ་རིགས་དང་བོད་རིགས་ཀྱི་ཚོགས་འདུ་འདིའི་ཐོག་ནས་ཁེ་ཎ་ཌའི་ནང་གནས་འཁོད་ཚོགས་པ་ཁག་ནས་སྤྱི་མོས་ཀྱིས་རྒྱལ་སྤྱིའི་ནང་གནས་པའི་རྒྱ་རིགས་ཡོངས་ལ་འབོད་སྐུལ་ཞུ་རྒྱུར། ༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་ཞུ་རྒྱུ་ནི་ཆོས་ཕྱོགས་ཁོ་ན་ཡིན་པས་མ་ཟད་དེའི་ཐོག་ཐག་གཅོད་བྱ་རྒྱུའི་ཐོབ་ཐང་༧གོང་ས་མཆོག་དང་། བོད་མི་ཚོར་ཡོད་པ་ལས་རྒྱ་ནག་གཞུང་ནས་ཐེ་བྱུས་བྱ་རྒྱུ་མེད་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བཀོད་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎