༧གོང་ས་མཆོག་གིས་ཨི་ཊ་ལི་ཁུལ་གྱི་བོད་མིར་མཇལ་ཁ།


2014.12.15
༧གོང་ས་མཆོག་ནས་རོམ་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བར་མཇལ་ཁ་དང་བཀའ་སློབ་གནང་སྐབས། ༢༠༡༤།༡༢།༡༣ ༧གོང་ས་མཆོག་ནས་རོམ་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བར་མཇལ་ཁ་དང་བཀའ་སློབ་གནང་སྐབས། ༢༠༡༤།༡༢།༡༣
སྐུ་སྒེར་དྲ་བ

བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་དེ་ཕལ་ཆེར་འཛམ་གླིང་སྤྱིའི་ཁེ་ཕན་དང་འབྲེལ་བ་ཡོད་པ་ལྟ་བུ་ཡིན་པ་༧གོང་ས་མཆོག་གིས་གསུངས་འདུག དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་ཊ་ལིའི་རྒྱལ་ས་རོམ་ནང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་ལྷན་ཚོགས་སུ་ཆིབས་སྒྱུར་དང་སྟབས་བསྟུན་རོམ་ཁུལ་གྱི་བོད་མི་རྣམས་ཀྱིས་ཞལ་མཇལ་བཀའ་སློབ་ཡོང་བའི་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་ལྔ་བརྒྱ་བརྒལ་བར་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་བའི་ནང་། དེ་སྔ་བོད་ལ་ནང་ཆོས་མ་དར་གོང་བོད་པ་ཚོ་ཧ་ལམ་ཀླ་ཀློ་བརྗོད་ཀྱང་ཕལ་ཆེར་འགྲིག་གི་ཡོད། འབྲོག་པ་ལྟ་བུ་བྱས་ཏེ་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད་ལ་སྐབས་དེར་འགལ་རྐྱེན་འདྲ་བྱུང་ན་གསོད་རེས་བྱེད་པ་སོགས་དེ་འདྲ་བྱས་ཏེ་གནས་ཡོད། དེ་ནས་བོད་ལ་ནང་པའི་ཆོས་དར་བའི་རྗེས་བོད་མི་རིགས་དེ་ནི་དངོས་གནས་བྱམས་བརྩེ་ལྡན་པའི་མི་རིགས་ཤིག་ཆགས་ཡོད། དེར་བརྟེན་དེ་རིང་འདིར་ཕེབས་པའི་བོད་དོན་ཐོག་དོ་སྣང་བྱེད་མཁན་ཁྱེད་རྣམ་པ་ཚོས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་ཞེས་པ་དེ་ཕལ་ཆེར་འཛམ་གླིང་སྤྱིའི་ཁེ་ཕན་དང་འབྲེལ་བ་ཡོད་པ་ལྟ་བུ་རེད་ཅེས་དང་། ངོས་ཀྱིས་དུས་རྒྱུན་བོད་ཀྱི་སངས་རྒྱས་པའི་གཞུང་དེ་དག་ཚན་རིག་དང་། ལྟ་གྲུབ། ཆོས་ཕྱོགས་བཅས་ཀྱི་སྡེ་ཚན་བྱས་ཏེ་སྡེ་ཚན་གསུམ་དུ་ཕྱེས་ཡོད། ཆོས་ཕྱོགས་ཀྱི་སྡེ་ཚན་དེ་ནང་པར་མ་གཏོགས་འབྲེལ་བ་མེད། ཚན་རིག་དང་ལྟ་གྲུབ་ཀྱི་སྡེ་ཚན་དེ་འཛམ་བུ་གླིང་སྤྱི་ལ་འབྲེལ་བ་ཆགས་ཀྱི་ཡོད། དེར་བརྟེན་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་དེ་དགོས་པ་ཆེན་པོ་ཞིགས་ཆགས་ཀྱི་ཡོད་པ་རེད། དེར་ཁྱེད་རང་ཚོས་ད་ལྟ་བར་དོ་སྣང་གནང་ཡོད་པ་དེར་མུ་མཐུད་དོ་སྣང་གནང་རོགས་ཞུ་རྒྱུ་ཡིན་ཞེས་སོགས་བཀའ་སློབ་རིམ་པ་སྩལ་གནང་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོལ།

དེའི་སྐོར་ང་ཚོའི་ཆེད་མངགས་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ཀྱིས་ཨི་ཊ་ལིའི་རྒྱལ་ས་རོམ་ནས་ངོ་སྤྲོད་གནང་བར་གསན་རོགས་ཞུ༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎