བཞུགས་སྒར་དུ་ཉིན་གྲངས་བཞིའི་རིང་གསུང་ཆོས་གནང་རྒྱུ།

2016-08-28
གློག་འཕྲིན།
མཆན།
Share
པར་བཀོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་དུ་སང་ཉིན་ནས་བཟུང་ཉིན་གྲངས་བཞིའི་རིང་གསུང་ཆོས་གནང་རྒྱུ་ཡིན་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་དུ་སང་ཉིན་ནས་བཟུང་ཉིན་གྲངས་བཞིའི་རིང་གསུང་ཆོས་གནང་རྒྱུ་ཡིན་འདུག
དགའ་ལྡན་ཕོ་བྲང༌།

༄༅༎དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་གནས་སུ་མཛད་འཆར་བཀོད་ཐོན་བྱུང་བར་གཞིགས་ན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སང་ཉིན་ཚེས་ཉི་ཤུ་དགུ་ནས་ཕྱི་ཟླ་དགུ་པའི་ཚེས་གཅིག་བར་ཉིན་གྲངས་བཞིའི་རིང་། ཨེ་ཤ་ཡའི་ཡུལ་གྲུ་ཨིན་ཌོ་ནེ་ཤེ་ཡ་དང་། ཀོ་རི་ཡ། མ་ལེ་ཤེ་ཡ། སིང་གྷ་པུར། ཐའེ་ལེནཌ། ཝེཏ་ནམ་བཅས་ཀྱི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པས་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་ལོ་སྔོན་མའི་འཕྲོས་ནས་མཇུག་སྐྱོང་གནང་རྒྱུ་ཡིན་འདུག གོང་ཞུས་གསུང་ཆོས་རྩལ་གནང་བའི་སྐབས་དྲ་རྒྱ་བརྒྱུད་ནས་ཐད་གཏོང་ཞུ་རྒྱུ་ཡིན་འདུག།
གསར་འགོད་པ་ཕྲེང་རིང་བསྟན་འཛིན་ནོར་བུ།

མཆན། (0)
Share
དྲ་གནས་ཆ་ཚང༌།