འཕགས་བོད་གཉིས་དབར་གྱི་འབྲེལ་ལམ་སྐོར་བགྲོ་གླེང་།


2018.12.04
བཞུགས་སྒར་རྡ་རམ་སཱ་ལར་འཕགས་བོད་གཉིས་ཀྱི་ཆབ་སྲིད་མི་སྣ་ལྷན་འཛོམས་ཀྱིས་འཕགས་བོད་གཉིས་དབར་གྱི་འབྲེལ་ལམ་སྐོར་བགྲོ་གླེང་སྐབས། ༢༠༡༨།༡༢།༤ བཞུགས་སྒར་རྡ་རམ་སཱ་ལར་འཕགས་བོད་གཉིས་ཀྱི་ཆབ་སྲིད་མི་སྣ་ལྷན་འཛོམས་ཀྱིས་འཕགས་བོད་གཉིས་དབར་གྱི་འབྲེལ་ལམ་སྐོར་བགྲོ་གླེང་སྐབས། ༢༠༡༨།༡༢།༤
RFA

བཞུགས་སྒར་རྡ་རམ་སཱ་ལར་འཕགས་བོད་གཉིས་ཀྱི་ཆབ་སྲིད་མི་སྣ་ལྷན་འཛོམས་ཀྱིས་འཕགས་བོད་གཉིས་དབར་གྱི་འབྲེལ་ལམ་སྐོར་བགྲོ་གླེང་གནང་འདུག
རྡ་རམ་སཱ་ལའི་ས་གནས་འགོ་འཛིན་ལས་ཁང་དང་(Himalaya Parivar) འམ་ཧི་མ་ལ་ཡའི་ཁྱིམ་ཚང་ཅེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པས་༢༠༡༨ ཟླ ༡༢ ཚེས ༤ ཉིན་གྱི་ཉིན་རྒྱབ་ཡོངས་གླིང་སློབ་གྲྭའི་ཚོགས་ཁང་དུ། ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་སྐུ་ཞབས་(Rajeev Bindal) མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོངས་དབང་ཕྱུག་མཆོག་གཉིས་ཀྱིས་དབུས་པའི་འཕགས་བོད་གཉིས་ཀྱི་ཆབ་སྲིད་མི་སྣ་ཁག་ཅིག་ལྷན་འཛོམས་ཀྱིས་འཕགས་བོད་གཉིས་དབར་གྱི་འབྲེལ་ལམ་སྐོར་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་ཚོགས་གནང་སོང་།
སྐབས་དེར་ཕྱོགས་གཉིས་ཀྱི་མི་སྣ་བརྒྱ་ཕྲག་ལྷན་འཛོམས་ཐོག་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་སྐུ་ཞབས་(Rajeev Bindal) མཆོག་གིས་མང་ཚོགས་ལ་གསུང་བཤད་དོན། བོད་པའི་རིག་གཞུང་དེ་བཞིན་བོད་ཙམ་མ་ཟད། འཛམ་གླིང་སྤྱི་ལ་ཁེ་ཕན་ཡོད་པའི་ཡོན་ཏན་ཞིག་ཡིན་སྟབས། བོད་ཤོར་ནས་རྩ་ཆེའི་རིག་གཞུང་དེ་བཞིན་ཧི་མ་ལ་ཡའི་ཕྱོགས་དེར་སླེབས་ཐུབ་པ་དེ་ནི་ང་ཚོར་སྐལ་ངན་གྲོགས་བཞག་ལྟ་བུ་ཞིག་ཡིན་པ་དང་། ང་ཚོས་རིམ་པས་ཧི་མ་ལ་ཡའི་ཕྱོགས་གཉིས་ཀར་རིག་གནས་དེ་རང་དབང་ངང་ཁྱབ་སྤེལ་ཐུབ་པ་ཡོང་རྒྱུའི་རེ་འདུན་ཞུ་བཞིན་ཡོད། དེང་སྐབས་རྒྱ་ནག་གཞུང་གིས་འཛམ་གླིང་ཡོངས་ལ་དཔལ་འབྱོར་གྱི་གནོན་ཤུགས་སྤྲད་ནས་དབང་ཆ་ཐོབ་ཐབས་འབད་བརྩོན་བྱ་བཞིན་ཡོད་པའི་དུས་འདིར། སྟབས་ལེགས་པ་ཞིག་ལ་ང་ཚོའི་རླབས་ཆེན་གྱི་དབུ་ཁྲིད་སྲིད་བློན་(Narender Modi) མཆོག་གིས་ཕྱོགས་གང་སར་མཛད་འཕྲིན་བསྐྱངས་ནས་རྒྱ་གར་གྱི་ནུས་པ་དེ་ཡང་ཇེ་ཆེར་བཏང་ནས་རྒྱ་གར་དེ་སྟོབས་ཆེན་གྱི་རྒྱལ་ཁབ་ཞིག་ཏུ་ངོས་འཛིན་དགོས་པ་ཞིག་བཟོས་གནང་ཡོད་རེད་ལ། དེང་སྐབས་རྒྱ་ནག་གིས་མངོན་གསལ་དོད་པོའི་ཐོག་(Pakistan) ནང་འཛུལ་ཞུགས་བྱ་བཞིན་ཡོད་སྟབས། དུས་ཚོད་དེ་ལྟ་བུའི་སྐབས་སུ་ང་ཚོས་རྒྱ་གར་གྱི་ནུས་པ་གང་སྔར་ལྷག་ཤུགས་ཆེ་རུ་གཏོང་རྒྱུ་དེ་བས་གལ་ཆེ་བ་ཞིག་རེད་ཅེས་གསུངས་སོང་།
གཞན་ཡང་བགྲོ་གླེང་ཚོགས་འདུའི་ཐོག་(RSS) སྤྱི་ཚོགས་ཞབས་ཞུ་ཚོགས་པའི་མི་སྣ་གཙོ་གྲས་སྐུ་ཞབས(Indresh Kumar)ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པའི་རྗེས། རྒྱ་གར་ལ་ཁྱིམ་མཚེས་རྒྱལ་ཁབ་གསར་པ་རྒྱ་ནག་ཆགས་ཡོད་པ་དང་། རྒྱ་གར་གྱིས་བལ་ཡུལ་དང་འབྲུག་བཅས་པའི་ཁྱིམ་མཚེས་རྒྱལ་ཁབ་ཚོར་ད་བར་མཐའ་མཚམས་སུ་ཉེན་རྟོག་དམག་མི་ལས་མཐའ་སྲུང་དམག་མི་བཞག་མྱོང་མེད་རུང་། རྒྱ་ནག་མཉམ་མཐའ་མཚམས་དེར་མཐའ་སྲུང་དམག་མི་འཇོག་དགོས་འཁེལ་ཡོད་པ་སོགས། རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་དེས་རྒྱ་གར་གྱི་བདེ་འཇགས་ལ་ཡང་གནོད་འཚེ་ཡོང་ཡོད་པ་སོགས་ཀྱི་སྐོར་གླེང་སློང་ཡང་གནང་སོང་བ་མ་ཟད། བོད་མི་ཚོའི་ངོས་ནས་ཀྱང་བོད་པའི་འཐབ་རྩོད་ཐད་སེམས་ཤུགས་མ་ཆགས་པར་འབད་རྩོན་གནང་བ་ཡིན་ན་མི་རིང་བར་འགྲུབ་འབྲས་སོན་གྱི་རེད་ཅེས་གསུངས་གནང་སོང།
ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་དབུས་གནད་ཡོད་སྐུ་མགོན་རྣམ་པ་བགྲོ་གླེང་ཚོགས་འདུ་གྲོལ་རྗེས་བོད་མི་སྤྱི་འཐུས་ལྷན་ཚོགས་སུ་ཆེད་ཕེབས་ཀྱི་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་རྣམ་གཉིས་དང་སྤྱི་འཐུས་རྒྱུན་ལས་རྣམ་པ་བཅས་དང་མཇལ་འཕྲད་ཀྱི་བོད་དོན་དང་འབྲེལ་བའི་སྐོར་གླེང་མོལ་གནང་ཡོད་འདུག

གསར་འགོད་པ་ཨྱོན་བསྟན་འཛིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎