༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན།

༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་སྙན་གྲགས་ཅན་གྱི་གཟེངས་རྟགས་ཞིག་འབུལ་ལམ་ཞུས་པ་རེད།

2011.12.10

༄༅།།བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནོ་བེལ་ཞི་བདེ་བྱ་དགའ་ཕུལ་ཏེ་ལོ་ངོ་ ༢༢ འཁོར་བའི་དུས་དྲན་གྱི་ཉིན་མོ་སྲུང་བརྩི་ཞུ་བའི་གཞུང་འབྲེལ་གྱི་མཛད་སྒོའི་ཐོག་ བོད་མི་དམངས་སྤྱི་འཐུས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རིགས་ཀྱི་རིག་གཞུང་དང་། ལོ་རྒྱུས་ཀྱི་ཤུལ་རྒྱུན་བཟང་པོ་རྣམས་གཅེས་སྲུང་གི་དོན་དུ་ཕན་ཚུན་ཡིད་ཆེས་དང་བཟོད་སྒོམ་གཞི་རྩར་བཟུང་བའི་ཐོག་ནས་དཀའ་ངལ་སེལ་ཐབས་ཀྱི་འབད་བརྩོན་མཛད་པ་དང་། ཁོང་གི་ཞི་བདེའི་དགོངས་པ་ནི་སྐྱེ་འགྲོ་སེམས་ཅན་ཡོངས་ལ་བརྩི་མཐོང་དང་། ལྷག་པར་འགྲོ་བ་མི་དང་ཁོར་ཡུག་སྲུང་སྐྱོབ་བཅས་པར་སྨན་པའི་ཡོངས་ཁྱབ་འགན་འཁུར་གྱི་ལྟ་བ་ལས་བྱུང་བ་ཞིག་ཡིན་ལ། ཕན་ནུས་ལྡན་ཞིང་ཕུགས་རྒྱང་རིང་བའི་དགོངས་པར་བརྟེན་ནས་རྒྱལ་སྤྱིའི་ནང་འཁྲུག་རྩོད་ཞི་ཐབས་དང་། འགྲོ་བ་མིའི་ཐོབ་ཐང་གི་འགན་འཁུར། རང་བྱུང་ཁོར་ཡུག་སྲུང་སྐྱོབ་བཅས་ལ་སྨན་པའི་མཛད་འཕྲིན་རྒྱ་ཆེར་བསྐྱངས་ཡོད་པར་ངོས་འཛིན་ཞུས་ཏེ་སྙན་གྲགས་ཅན་གྱི་གཟེངས་རྟགས་དེ་བཞིན་འབུལ་ལམ་ཞུས་པ་རེད་ཅེས་དང།
ད་དུང་སྤྱི་འཐུས་ཀྱི་ཡོངས་ཁྱབ་གསུང་བཤད་དེའི་ནང༌། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཕྲལ་ཡུན་དགག་དགོས་རྒྱུ་མཚན་དུ་མར་གཟིགས་ཏེ་བོད་མི་རིགས་ཀྱི་འཕྲལ་ཕུགས་ཁེ་ཕན་ཁོ་ནའི་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་། འཛིན་སྐྱོང་དབུ་འཁྲིད་ཀྱི་ཐུགས་འགན་དང་། སྐུ་དབང་རྣམས་མང་ཚོགས་ནས་འོས་འདེམས་བྱས་པའི་འགོ་འཁྲིད་ཚོར་རྩིས་སྤྲོད་མཛད་ཡོད་ནའང་། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་འཁྲིད་ཀྱི་མཚན་ཐོག་ནས་བོད་མིའི་བསམ་སྤྱོད་ཡར་རྒྱས་དང་། ཆོས་རིག་སྲུང་སྐྱོབ་དང་དར་སྤེལ། བོད་ཀྱི་རྩ་དོན་སྒྲུབ་ཐབས་སུ་བོད་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་ཅིར་ལམ་སྟོན། བོད་དང་བོད་མིའི་ཆེད་རྒྱལ་སྤྱིའི་དབུ་འཁྲིད་རྣམ་པ་དང་གལ་ཆེའི་མི་སྣ་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་སོགས་ཀྱི་མཛད་འགན་དང་སྐུ་དབང་གི་ཆ་རྐྱེན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་བརྗོད་ནང་འགོད་འཐུས་ཆོག་པའི་བཀའ་འཁྲོལ་སྐྱབས་འཇུག་ཡོང་བའི་བོད་མི་ཡོངས་རྗོགས་བསམ་འདུན་གཅིག་མཐུན་གྱི་ལམ་ནས་གསོལ་འདེབས་ཞུས་པ་བཞིན་ཞལ་བཞེས་བཀའ་དྲིན་ཆེ་བསྩལ་དང་འབྲེལ་མཛད་འཕྲིན་རྒྱ་ཆེར་བསྐྱངས་དང་སྐྱོང་བཞིན་པར་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སླར་ཡང་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན་ཅེས་འཁོད་འདུག།
བོད་མི་དམངས་སྤྱི་འཐུས་ཀྱི་གསུང་བཤད་དེའི་ནང་དེ་རིང་གི་དུས་དྲན་འདི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡང་ཡིན་པས། བོད་ནང་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་ལ་ཕྱོགས་ཡོངས་ནས་བརྡལ་བཤིག་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་འཛམ་གླིང་ཁྱོན་དུ་དོ་སྣང་དང་བློ་འཚབ་བྱེད་བཞིན་ཡོད་པ་རེད་ཅེས་དང་ ལྷག་པར་དུ་བོད་ནང་བོད་མི་མང་པོ་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎