སེམས་ཁྲལ་དང་བློ་འཚབ་ཆེན་པོ་བྱེད་མི་ཉན། ༸གོང་ས་མཆོག་གིས།

2020-06-13
གློག་འཕྲིན།
མཆན།
Share
པར་བཀོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག (པར་ཚགས། ༢༠༡༧)
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག (པར་ཚགས། ༢༠༡༧)
རོཡ་ཊར་ས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་འགྲོ་བ་མིའི་རིགས་ཐེར་འབུམ་བདུན་ཙམ་ཡོད་པ་ཚང་མ་འགྲོ་བ་མི་གཅིག་འགྱུར་ཡིན་བསམ་པའི་བསམ་བློ་འཁྱེར་ཐུབ་པ་ཡིན་ན། འཛམ་གླིང་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་གནས་བབ་ཛ་དྲག་ཏུ་གྱུར་བཞིན་པའི་དཀའ་ངལ་ཡང་སེལ་ཐུབ་ཀྱི་རེད་ཅེས་དེང་སང་འཛམ་གླིང་གང་སར་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་དམིགས་བསལ་ཞིག་འཕྲད་བཞིན་པའི་སྐབས་འདིར་བཀའ་གནང་བཞག

དེ་ཡང་དབྱིན་ཇིའི་BBC གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མི་མང་པོ་ཞིག་གིས་ཏོག་དབྱིབས་ནད་ཡམས་ཀྱི་ཛ་དྲག་གནས་བབ་སྐབས་འདིར་སོ་སོའི་ཉེན་སེལ་ལ་འཛེམས་མེད་ཀྱིས་གཞན་ལ་རོགས་པ་བྱེད་བཞིན་པ་དེ་ནི་ཧ་ཅང་ངོ་མཚར་སྐྱེས་དགོས་པ་ཞིག་རེད་ཅེས་གསར་ལས་ཁང་དེས་བཅར་འདྲི་ཞུས་པའི་བཀའ་ལན་དུ་གསུངས་བཞག དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོར་གནས་སྟངས་དེ་འདྲ་ཞིག་བྱུང་བའི་སྐབས་འགྲོ་བ་མིའི་བྱམས་སྙིང་རྗེའི་རིན་ཐང་དེ་གསལ་སྟོན་ཡོང་གི་རེད། དུས་རྒྱུན་འགྲོ་བ་མིའི་རིན་ཐང་ཐད་དེ་ཙམ་བསམ་བློ་གཏོང་གི་མེད་ཀྱང་། བྱུས་ཉེས་ཆེན་པོ་དེ་འདྲ་བྱུང་བའི་སྐབས་གཞན་ཀྱི་སྡུག་བསྔལ་མཐོང་དུས་རང་བཞིན་ཀྱི་རོགས་པ་བྱེད་ཀྱི་རེད་ཅེས་བཀའ་གནང་བཞག དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་དེ་ཡང་རིམ་པས་སེལ་ཀྱི་རེད་ཅེས་བཀའ་གནང་བཞག

ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་BBC གསར་འགྱུར་ལས་ཁང་གི་གསར་འགོད་པ་Jastin Rowlatt ལགས་ཀྱིས་ཞེད་སྣང་དང་བློ་འཚབ་བྱེད་བཞིན་པའི་མི་ཚོར་བཀའ་སློབ་གནང་རོགས་ཞེས་ཞུས་པར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་ཁྲལ་དང་བློ་འཚབ་ཆེན་པོ་བྱེད་མི་ཉན། དཀའ་ངལ་སེལ་ཐབས་ཡོད་ན་སེམས་ཁྲལ་བྱེད་མི་དགོས་ལ། གལ་སྲིད་དཀའ་ངལ་སེལ་རྒྱུའི་ཐབས་ལམ་རྩ་བ་ནས་མེད་ན། སེམས་ཁྲལ་བྱས་ཀྱང་ཕན་ཐོགས་ཡོད་པ་མ་རེད། དེར་ངོས་ལེན་བྱེད་དགོས་པ་རེད། དཔེར་ན་ན་གསོ་རྒས་པ་ལྟ་བུ་རེད། ལོ་ན་གཞོན་པ་ཚོར་ལུས་སེམས་གཉིས་ཀའི་ཐོག་ནས་གཞན་ལ་ཕན་ཐོགས་ལེགས་པ་བྱེད་ཐུབ་པའི་ནུས་པ་ཡོད་པ་རེད། འོན་ཀྱང་ལོ་ན་རྒན་པ་ཚོར་ཉམས་མྱོང་ཆེ་བ་ཡོད་སྟབས་གཞོན་སྐྱེས་ཚོར་སློབ་སྟོན་བྱེད་དགོས་པ་རེད་ཅེས་བཀའ་ལན་གནང་བཞག།

མཆན། (0)
Share
དྲ་གནས་ཆ་ཚང༌།